ཤར་ཏུར་ཀིསྟན་བར་རི་ལིའི་ལྕགས་ལམ་བཟོས་ཚར་འདུག
2012.07.22
༄༅༎རྒྱ་ནག་གིས་ཤིན་ཅང་(Xinjiang) རང་སྐྱོང་ལྗོངས་ཀྱི་མཚོ་སྐམ་ལོཔ་ནོར་(Lop Nur)བར་རི་ལི་ལྕགས་ལམ་བཟོས་ཚར་ཡོད་པའི་གནས་ཚུལ་ཐོན་འདུག
ནུབ་བྱང་གི་ལོཔ་ནོར་མཚོ་སྐམ་ཀྱི་ས་ཁུལ་དེར་ཚ་མང་མའི་དབང་གིས་འཆི་བའི་མཚོ་(Sea of death) ཞེས་འབོད་སྲོལ་ཡོད་པ་དེ་སྟག་ལ་མ་ཁན་(Taklamakan) བྱེ་ཐང་སུ་གནས་ཡོད་རེད། རྒྱ་ནག་དང་སོག་ཡུལ་གྱི་ས་མཚམས་ཀྱི་ས་ཁུལ་ ཧ་མི་(Hami)ནས་སྟག་ལ་མ་ཁན་བར་གྱི་རི་ལིའི་ལྕགས་ལམ་དེ་བཞིན་ལོ་གཉིས་གོང་འགོ་འཛུགས་བྱས་ཡོད་པ་དང་འགྲོ་སོང་རྒྱ་སྒོར་ཡུའན་ཐེར་འབུམ་གསུམ་བཏང་ཡོད་འདུག ཧ་མི་ནས་ལོཔ་ནོར་བར་རི་ལིའི་འབབ་ཚུགས་དགུ་ཡོད་འདུག རྒྱ་ནག་གིས་ལོ་རེར་ཚ་ཊོན་ས་ཡ་བཅིུག་ལྷག་ལོངས་སུ་སྤྱོད་བཞིན་པ་ནས་བརྒྱ་ ཆ་བདུན་བཅུ་ཕྱི་ལོག་ནས་ཉོ་ཡི་ཡོད་རེད། མ་འོངས་པར་རི་ལིའི་ཐོག་འདི་ཚ་ཊོན་༣༠ལོ་རེར་འོར་འདྲེན་བྱ་རྒྱུ་དང་འགྲོ་སོང་ཡང་ཚ་ཊོན་རེར་ཡུའན་༨༠ཉུང་དུ་གཏོང་རྒྱུ་ཡིན་ལུགས་ཨ་རུམ་ཅིའི་(Urumqi) རི་ལིའི་འགོ་འཛིན་གྱིས་གསུངས་གནང་འདུག།