བོད་དོན་རྒྱབ་སྐྱོར་བ་ནི་ཁོལ་རའེ་ཁོ་རོཕ་ལ་ཕེབས་བསུ་ཞུས་འདུག

བོད་དོན་རྒྱབ་སྐྱོར་བ་ནི་ཁོལ་རའེ་ཁོ་རོཕ་ཁེ་ན་ཌར་ཕྱིར་ལོག་ཕེབས་སྐབས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་བསུའི་སྣེ་ལེན་ཞུས་འདུག

2008.08.16

༄༅༎རྒྱ་ནག་རྒྱལ་ས་པེ་ཅིང་གི་དབུས་བརྙན་འཕྲིན་ལས་ཁང་མདུན་དུ་བོད་རང་དབང་ཞེས་འཁོད་པའི་འགོ་བྱང་ཆེན་པོ་ཞིག་དཔྱངས་མཁན་ཁེ་ན་ཌའི་མི་སེར་ ནི་ཁོལ་རའེ་ཁོ་རོཕ་ རང་ཉིད་གནས་སྡོད་བྱ་ཡུལ་ ལྦེན་ཁུ་ལྦར་ དུ་ཕྱིར་ལོག་ཕེབས་སྐབས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དགའ་བསུའི་སྣེ་ལེན་ཞུས་འདུག

ཁེ་ན་ཌའི་མི་སེར་རའེ་ཁོརོཕ་དང་དབྱིན་ཇིའི་མི་སེར་ ཕིལ་ཀཀ་ གཉིས་ཀྱིས་པེ་ཅིང་དུ་ཁང་པའི་ཐོག་རྩེག་ནས་མར་བབས་ཏེ་ བོད་རང་དབང་ཞེས་འཁོད་པའི་འགོ་བྱང་ཆེན་པོ་ཞིག་དཔྱངས་པ་རེད་ དེ་བཞིན་ཨ་རི་བ་ ཀེ་ལི་ཨོསི་སྦོན་ དང་ སྦི་ཡང་ཁ་སྦོག་མེན་ སེམ་མེ་རོན་ བཅས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་བཞི་རྒྱ་ནག་གཞུང་གིས་འཇུ་བཟུང་གིས་ཕྱིར་འབུད་བཏང་བ་ཡིན་པ་རེད་ ཐེངས་འདིའི་ངོ་རྒོལ་ལས་འགུལ་ནི་ འདི་ལོ་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འགོ་བཙུགས་པ་ནས་ད་བར་ངོ་རྒོལ་ལས་འགུལ་ཐེངས་དྲུག་པ་དེ་ཡིན་པ་དང་ ལས་འགུལ་འདི་དག་སྤེལ་མཁན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་མི་གྲངས་སུམ་ཅུ་སོ་གཅིག་རྒྱ་ནག་ལ་བསྐྱོད་ཡོད་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ མེལ་ར་ཨུལ་ གྱིས་གསུངས་གནང་འདུག ཁོང་ནི་སྔ་ལོ་རྒྱ་ནག་རྒྱལ་ས་པེ་ཅིང་གི་རྒྱ་ནག་ལྕགས་རིའི་སྟེང་ འཛམ་གླིང་གཅིག་དང་ འཆར་སྣང་གཅིག་ བོད་རང་དབང་ཞེས་འཁོད་པའི་འགོ་བྱང་ཆེན་པོ་ཞིག་དཔྱངས་མཁན་གྲས་སུ་ཡོད་པ་རེད་ བོད་ནང་བོད་མི་རྣམས་རྟག་ཏུ་འཇིགས་སྣང་དང་དངངས་སྐྲག་འོག་གནས་དགོས་ཀྱི་འདུག་ཅེས་ཁོང་གིས་མུ་མཐུད་གསུངས་པ་བཅས་ཀྱི་གནས་ཚུལ་ ཊོ་རན་ཊོ་སི་ཊའར་ ཞེས་པའི་ས་གནས་གསར་ཤོག་ནང་གནས་ཚུལ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎