བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་བྱེད་ཕྱིར་འབུད་བྱས་པ།

ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་བྱེད་པ་ཁག་ཅིག་ཕྱིར་འབུད་བཏང་ཡོད་པ་རྣམས་ཀྱི་མིང་གཞུང་གསལ་བསྒྲགས་བྱས་འདུག

2012.02.11

༄༅༎ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལས་བྱེད་པ་ཁག་ཅིག་ཕྱིར་འབུད་བཏང་ཡོད་པ་རྣམས་ཀྱི་མིང་གཞུང་གསལ་བསྒྲགས་བྱས་འདུག དེ་ཡང་ཉེ་དུས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པས། མངའ་ཁུལ་དེའི་ཁྱབ་ཁོངས་ཡོངས་སུ་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་རུ་ཁག་ཟེར་བ་མངགས་གཏོང་བྱས་པ་ལྟར། བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་འགན་མ་འཁྱེར་བའམ། ལས་གནས་ཐོག་མ་བསྡད་པ། ཡང་ན་སྒྱིག་ལུག་བྱེད་མཁན་ཚོར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་བཞིན། བོད་ལྗོངས་ཤིན་ཧུའ་རྒྱ་ཡིག་དྲ་གནས་ཐོག ལས་བྱེད་པ་ཁག་ཅིག་གནས་དབྱུང་བཏང་བ་དང༌། ཁག་ཅིག་ཕྱིར་འབུད་བཏང་བ། ཁག་ཅིག་ལ་ཐ་ཆིག་བསྒྲགས་པའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་པའི་ཁོངས་སུ། ཆབ་མདོ་སྟེང་ཆེན་རྫོང་དུ་བཏང་བའི་ལས་དོན་རུ་ཁག་གི་རུ་དཔོན་ཟླ་བ་དང༌། རུ་དཔོན་གཞོན་པ་ ཝང་ཡ་ཏུང་ ལས་གནས་ནས་གནས་དབྱུང་བཏང་བ་དང༌། གཞིས་རྩེ་ས་སྐྱ་རྫོང་གི་ཉེན་རྟོག་ལས་ཁང་གི་འགོ་འཁྲིད་གཞོན་པ་ཕུར་བུ་དབང་འདུས་ལས་གནས་ནས་གནས་དབྱུང་བཏང་བ། ཉེན་རྟོག་པ་ཚེ་བརྟན་ཕུན་ཚོགས་ལ་ ཐ་ཚིག་གི་ཉེན་བརྡ་བཏང་བ། སྡོད་བྱ་ཚེ་བརྟན་ཕུན་ཚོགས་ལས་གནས་ནས་ཕྱིར་འབུད་བཏང་བ། ཡང་ལྷ་རྩེ་རྫོང་གི་ཉེན་རྟོག་ལས་ཁང་གི་ ཉེན་རྟོག་རུ་ཆེན་གྱི་རུ་དཔོན་ཟླ་བ་ཚེ་རིང་དང༌། ཉེན་སྲུང་རུ་ཆེན་གྱི་རུ་དཔོན་ཟླ་བ་དབང་འདུས་ལས་གནས་ནས་གནས་དབྱུང་བཏང་བ་དང༌། ཉེན་རྟོག་པ་བསོད་ནམས་རྡོ་རྗེ་དང༌། ཟླ་བ་ཚེ་རིང༌། བསྟན་འཛིན་ལྷུན་གྲུབ། སྤེན་རྡོར་བཅས་ལ་ཐ་ཚིག་གི་ཉེན་བརྡ་བཏང་བ།  གཞིས་ཀ་རྩེ་ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོབ་དོན་གཅོད་ཁང་གི་སྡོད་བྱ་བ་ ཧྲེ་ལན་ཏུང་དང༌། ས་གནས་ཉེན་རྟོག་ལས་ཁང་གི་སྡོད་བྱ་བསོད་ནམས་རྒྱ་མཚོ་གཉིས་ལ་ཐ་ཚིག་གི་ཉེན་བརྡ་བཏང་བ། ཉེན་སྲུང་སྡོད་བྱ་བ་བཀྲ་ཤིས་དོན་གྲུབ་དང༌། པ་སངས་ཚེ་རིང་གཉིས་ལས་གནས་ནས་ཕྱིར་འབུད་བཏང་བ། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་རྣ་ཆེན་གྲོང་ཚོའི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང༌། སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲུང་ཆེ་ ཧོང་ཕང་ཡུང་ གིས་སྡོད་བྱའི་སྐབས་སུ་ རང་འཚམ་གྱིས་ལས་གནས་ནས་ཁ་བྲལ་བའི་རྐྱེན་གྱིས་ལས་འཁུར་ནས་གནས་དབྱུང་བཏང་བ་ཡིན་པའི་སྐོར་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎