རྒྱ་ནག་དཔོན་རིཊ་ཀྱི་གསང་བའི་ཚོགས་འདུ།

རྒྱ་ནག་གི་དཔོན་རིཊ་ཚོ་པེ་ཏེ་ཧི་རུ་ཟླ་གཅིག་རིང་གི་གསང་བའི་ཚོཊ་འདུ་ཚོཊ་བཞིན་ཡོད་ཅིང་། ཚོཊ་འདུ་དེའི་སྟེང་རྒྱ་ནག་གི་མི་རབས་རྗེས་མའི་དཔོན་རིཊ་རྣམས་གཏན་འཁེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད།

2012.08.06

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་འདུས་བའི་མཐོ་རིམ་དཔོིན་རིཊ་རྣམས་ཟླ་འདིའི་ཚེས་༣ཉིན་ནས་རྒྱལ་སའི་ཤར་ངོས་སུ་ཡོད་པའི་པེ་ཏེ་ཧི་ཞེས་པའི་གླིང་ཕྲན་དུ་འཛོམ་ཡོད་ཅིང་།  སྲོལ་རྒྱུན་རང་བཞིན་གྱི་ཆབ་སྲིད་ཚོཊ་འདུ་དེའི་ཐོག་ཏུ་ ད་ལོའི་སྟོན་ཀར་ཆེས་མཐོའི་དཔོན་འཕོ་འགྱུར་གྱི་ལས་དོན་དང་། དེ་མིན་གྱི་ཆབ་སྲིད་ཐོག་གནད་འགག་ཆེ་བའི་དོན་དག་ཐོག་གྲོས་མོལ་བྱེད་བཞིན་པ་རེད།  རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ལྟར་ན་  མི་རྣམས་ཀྱི་མི་རབས་རྗེས་མའི་སྲིད་འཛིན་གྱི་གོ་གནས་ཐོབ་རྒྱུར་ཚོད་དཔག་བྱེད་བཞིན་པའི་ཞིས་ཅིན་ཕིན་གྱིས་  གཟའ་ཉི་མའི་ཉིན་ཆེས་མཁས་མི་སྣར་ཐུག་འཕྲད་ཀྱིས་ཁོ་ཚོའི་བསམ་ཚུལ་ལ་ཉན་ཡོད་འདུག  ཟླ་ཤས་རྗེས་རྒྱ་ནག་གི་དཔོན་རིཊ་འཕོ་འགྱུར་གཏོང་བའི་དུས་ལ་སླེབས་ཡོད་སྟབས་ ཐེངས་འདིའི་རྒྱ་ནག་གི་དཔོན་རིཊ་ཚོའི་ཚོཊ་འདུའི་ཐོག ཐེངས་རྗེས་མའི་གུང་ཁྲན་ཚོཊ་པའི་འགོ་ཁྲིད་རྣམས་གཏན་འབེབས་བྱ་རྒྱུ་ཡིན་པར་འབྲེལ་ཡོད་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་མི་མང་ལ་མཚོན་ན་ རྒྱ་ནག་གི་དཔོན་རིཊ་ཚོའིཚོཊ་འདུ་དེའི་བརྗོད་གཞི་ཁག་ནི་ལྐོག་གྱུར་གྱི་གནས་ཚུལ་ཞིག་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎