རྒྱ་ནག་གི་ཕིན་ཡིག་གསར་གཏོད་པས་དམངས་གཙོ་ལ་རེ་བ།


2015.01.13
རྒྱ་རིགས་མཁས་དབང་སྐུ་ཞབས་Zho Youguang རྒྱ་རིགས་མཁས་དབང་སྐུ་ཞབས་Zho Youguang
AFP པར་ཚགས

རྒྱ་རིགས་མཁས་དབང་ཀྲོ་ཡུང་ཀང་དགུང་ལོ་༡༠༩ སླེབས་པའི་སྐྱེས་སྐར་ཉིན་དམངས་གཙོ་ལ་མུ་མཐུད་ཡིད་ཆེས་ཡོད་པ་གསུངས་འདུག
དེ་ཡང་སྐུ་ཞབས་Zho Youguangདེ་རིང་རེས་གཟའ་མིག་དམར་ཉིན་དགུང་ལོ་༡༠༩ ཟིན་པ་དང། ཁོང་གིས་ཕ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་ནང་དཔལ་འབྱོར་གྱི་ལམ་ལུགས་བཅོས་བསྒྱུར་ཕྱིན་ནས་ལོ་ངོ་༣༠ ཕྱིན་ཡོད་ནའང་ད་དུང་རྒྱ་ནག་ནི་དམངས་གཙོའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་བསྡད་ཡོད་པ་དང་། འགྲོ་ལམ་དེ་ཁོ་ན་ཡིན་ཞིང། ཁོང་གིས་ངོས་ནས་ཀྱང་དུས་རྟག་ཏུ་འགྲོ་ལམ་དེ་ཁོ་ན་ཡིན་པ་ཡིད་ཆེས་དང་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། འདི་ལྟར་ཁོང་གིས་མངོན་གསལ་དོད་པོའི་སྒོ་ནས་དམངས་གཙོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་དེའི་ཐོག་ནས། ཁོང་གི་ལས་དོན་ཐོག་ལ་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། Zho Youguang ནི་རྒྱ་ནག་གི་ཕིན་ཡིག་ལམ་ལུགས་གསར་གཏོད་གནང་མཁན་ལ་ངོས་འཛིན་བྱེད་པ་ལྟར། ཕིན་ཡིག་གི་ལམ་ལུགས་དེ་༡༩༥༠ ལྔ་གྲངས་ནང་གཏན་འབེབས་བྱས་པའི་རྗེས་རྒྱ་ཡིག་སྦྱོང་མཁན་མི་ས་ཡ་མང་པོས་བེད་སྤྱོད་གཏོང་བཞིན་པའི་ཁར་ཕྱིའི་རྒྱལ་ཁབ་ནང་ལའང་རྒྱ་ཡིག་སྦྱང་བར་ཕིན་ཡིག་བདེ་སྤྱོད་གཏོང་གི་ཡོད་པ་རེད།
Zhu Youguang ནི་༡༩༠༦ ལོར་འཁྲུངས་ཤིང། ཁོང་ཧྲང་ཧེ་དང་ཉི་ཧོང་དུ་སློབ་སྦྱོང་དུ་མ་བསྐྱོད་གོང་ལ་Qing རྒྱལ་རབས་མཇུག་སྒྲིལ་བ་དང་གསར་བརྗེ་མགོ་རྟིང་བསློགས་པའི་ལོ་རྒྱུས་རྣམས་བརྒྱུད་མྱོངས་ཡོད་པ་མ་ཟད། ༡༩༣༧ ལོར་ཉི་ཧོང་གིས་རྒྱ་ནག་ལ་ཁྱོན་ཡོངས་ནས་བཙན་འཛུལ་བྱས་པའི་སྐབས། ཁོང་དང་བཟའ་ཟླ། ཕྲུ་གུ་གཉིས་བཅས་རྒྱ་ནག་གི་དབུས་གྲོང་ཁྱེར་Chongqing དུ་གནས་སྤོས་བྱས་ཞིང། དེ་རྗེས་ཉི་ཧོང་དམག་འཁྲུག་ཕམ་ཉེས་བྱུང་བའི་རྗེས་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་དབར་རྒྱལ་ནང་དམག་འཁྲུག་བྱུང་བའི་སྐབས། དེ་ལས་གཡོལ་ཐབས་སུ་ཕྱི་རྒྱལ་དུ་བསྐྱོད་དེ་རྒྱ་མིའི་དངུལ་ཁང་ཞིག་ནང་ལས་ཀ་བྱས་ཡོད་པ་རེད། དེ་རྗེས་༡༩༤༩ ལོར་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པའི་རྗེས་རྒྱ་ནག་ཏུ་ཕྱིར་ལོག་བྱས་ཏེ་དཔལ་འབྱོར་རིག་པ་སློབ་ཁྲིད་བྱས་པ་མ་ཟད། སྐབས་དེའི་སྲིད་བློན་Zhou Enlai དང་ཉེ་བའི་མཐུན་གྲོགས་སུ་གྱུར་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎