སྐྱེ་རྒུ་མདོ་ས་ཡོམ་རྒྱབ་ཡུལ་དུ་གྲྭ་༨༠༠༠ཙམ་ལ་སྡོད་ཡུལ་མེད་པ།
2010.04.26
༄༅༎ཉེ་ཆར་ཨ་མདོ་མཚོ་སྔོན་གྱི་ས་ཡོམ་དེར་ས་ཁུལ་གྱི་དགོན་པ་གྲངས་༩༠སྐོར་ཞིག་ལ་སྐྱོན་ཆག་བྱུང་ནས་དགེ་འདུན་པ་ཞལ་གྲངས་༨༠༠༠སྐོར་ལ་སྡོད་ཡུལ་མེད་པ་ཆགས་སྐོར་རྒྱ་ནག་གཞུང་གིས་གནས་ཚུལ་བཏོན་ཡོད་པ་རེད་
རྒྱ་ནག་གཞུང་གི་ཉིན་རེའི་ཚགས་དཔར་ཞེས་པའི་ནང་ས་ཡོམ་གོད་ཆགས་ཕོག་ཡུལ་གྱི་འཛུགས་བསྐྲུན་བསྐྱར་གསོའི་ལས་དོན་ནང་དགོན་པ་ཁག་སླར་གསོ་གནང་རྒྱུ་དེ་གལ་གནད་ཆེ་བར་ངོས་འཛིན་གནང་གི་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་
ཡུལ་ཤུལ་མི་རིགས་དང་ཆོས་དོན་ལས་དོན་ཚོགས་ཆུང་གི་འགོ་འཛིན་ལེགས་བཤད་ལགས་ཀྱིས་ལོ་འདིའི་ནང་ཚུད་ད་ལྟ་འཕྲལ་སེལ་གྱི་སྡོད་གུར་ནང་སྡོད་བཞིན་པའི་དགེ་འདུན་པ་༨༠༠༠སྐོར་ཞིག་ཡོད་པ་དེ་དག་གི་སྡོད་ཁང་ཁག་སླར་གསོ་གནང་ཟིནཔ་གནང་གི་ཡིན་ཞེས་གསུང་པ་གོང་ཞུས་རྒྱ་ནག་གཞུང་གི་ཉིན་རེའི་ཚགས་དཔར་ཞེས་པས་ལུང་འདྲེན་གནང་ཡོད་པ་རེད་
ཡང་ལེགས་བཤད་ལགས་ཀྱིས་རྒྱ་ནག་གཞུང་གིས་ཞིག་རལ་དང་སྐྱོན་ཆག་ཕོག་པའི་དགོན་ཁག་དེ་དག་སླར་གསོ་གནང་རྒྱུ་ཙམ་དུ་མ་ཟད་དེ་དག་ནང་ཆུ་ཀ་ལ་དང་གློག་དང་གནས་འཕྲིན་དྲ་རྒྱའི་མཐུན་རྐྱེན་བསྐྲུན་རྒྱུའི་ཁས་ལེན་གནང་ཡོད་པ་རེད་ གནས་ཚུལ་ནང་འཁོད་དོན་ལ་གཞིགས་ན་ཡུལ་ཤུལ་མངའ་ཁུལ་ནང་དགོན་ཁག་གྲངས་བརྒྱ་ཕྲག་ཡོད་པ་དང་དེ་དག་ནང་དགེ་འདུན་པ་ཞལ་གྲངས་༢༣༠༠༠ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་
ཁོང་རྣམས་ཀྱིས་ཉེ་ཆར་གྱི་ས་ཡོམ་ཕོག་ཡུལ་ས་ཁུལ་དུ་སྲོག་སྐྱོབ་དང་ཕུང་པོ་མེར་བསྲེག་བསྔོ་སྨོན་དང་སྐྱོབས་གསོའི་རོགས་རམ་སོགས་ཧ་ཅང་གི་གཞི་རྒྱ་ཆེན་པོ་གནང་བ་མངོན་གསལ་ཆགས་ཡོད་པ་རེད་