བོད་ཀྱི་གཞི་རྩའི་གནད་དོན་ཐོག་ལ་དཔེ་དེབ་ཕྱོགས་བསྒྲིགས།

རྒྱ་ནག་གཞུང་གིས་བོད་ཀྱི་གཞི་རྩའི་གནད་དོན་ཐོག་ལ་དཔེ་དེབ་ཅིག་ཕྱོགས་བསྒྲིགས་བྱས་ཏེ་པེ་ཅིང་དུ་འགྲེམས་སྤེལ་བྱས་ཡོད་པའི་སྐོར།

2011.03.22

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་གཞི་རྩའི་གནད་དོན་ཐོག་ལ་དཔེ་དེབ་ཅིག་ཕྱོགས་བསྒྲིགས་བྱས་ཏེ། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འགྲེམས་སྤེལ་བྱས་ཡོད་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་བོད་ཀྱི་གནད་དོན་ཐོག་གི་དཔེ་དེབ་དེའི་ནང་དོན་ནི། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་ཆབ་སྲིད་ཀྱི་ཐད་ཀྱི་ཆེད་ལས་པས་རྩོམ་བྲིས་བྱས་པ་ཞིག་དང༌། དེའི་ནང་དུ་གནས་ཚུལ་རིམ་པ་ཁག་བཅུ་ལ་བགོས་ཏེ། རྩོམ་བྲིས་བྱས་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་དང༌། ཆབ་སྲིད་ཀྱི་གནས་བབ། འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས་ཀྱི་རང་དབང་སོགས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྐོར་དང༌། དེ་བཞིན་བོད་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས་ཀྱི་འཕེལ་རྒྱས། ཆོས་ལུགས་དང༌། རིག་གཞུང་ཡར་རྒྱས། ཤེས་ཡོན། སྨན་བཅོས་ཀྱི་ལས་དོན། ཁོར་ཡུག་སྲུང་སྐྱོབ། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གནད་དོན་སྐོར་སོགས་བཀོད་ཡོིད་ཅིང༌། དཔེ་དེབ་དེ་ནི་དེ་རིང་པེ་ཅིང་དུ་མི་དམངས་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་གཞི་རྩའི་གནད་དོན་ཐོག་ཤེས་རྟོགས་ཡོང་ཐབས་ལ་ལས་སླ་བ་དང༌། བེད་སྤྱོད་གཏོང་བདེ་བའི་སྟབས་བདེའི་དེབ་ཆུང་ཞིག་ཡིན་པའི་སྐོར་རྒྱ་ནག་གཞུང་གིས་སྤེལ་བའི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎