རྒྱ་ནག་གིས་ཐའེ་ལྦན་དང་སྲིད་དོན་གྲོས་མོལ་དོར་རྒྱུ་མིན་ལུགས།

རྒྱ་ནག་གཞུང་གིས་ཐའེ་ལྦན་དང་རྒྱ་ནག་དབར་སྲིད་དོན་གྲོས་མོལ་བྱ་རྒྱུ་དེ་བློས་གཏོང་རྩ་བ་ནས་བྱ་རྒྱུ་མིན་ལུགས་བརྗོད་འདུག

2011.03.30

༄༅༎རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་མགྲིན་ཚབ་མ་ཕན་གླིས་ཆིང་གིས་གཟའ་ལྷག་པའི་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག  རྒྱ་ནག་གཞུང་གིས་ཐའེ་ལྦན་དང་རྒྱ་ནག་དབར་ཆབ་སྲིད་ཀྱི་གྲོས་མོལ་བྱ་རྒྱུའི་གནད་དོན་དེ་ནམ་ཞིག་བཏོན་རྒྱུ་ཡིན་པ་དང་ རྒྱ་ནག་གཞུང་གིས་སྔོན་ལ་གནད་དོན་ཐག་གཅོད་བྱ་སླ་བའི་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་ཐོག་ཐའེ་ལྦན་དང་གྲོས་མོལ་བྱེད་བཞིན་ཡིན་ཀྱང་   ཆབ་སྲིད་ཀྱི་གྲོས་མོལ་དེ་ནམ་ཞིག་བྱ་དགོས་ཀྱི་ཡོད་པ་དེ་གཡོལ་ཐབས་མེད་པ་ཞིག་རེད་ཅེས་དང་ ད་དུང་རྒྱ་ནག་གི་ཐའེ་ལྦན་ལས་དོན་ལྷན་ཁང་གི་མགྲིན་ཚབ་མ་ཕན་གླིས་ཆིང་གིས་མུ་མཐུད་བརྗོད་པར་ ཕྱོགས་གཉིས་དབར་འདས་པའི་གྲོས་མོལ་བྱས་པའི་བརྒྱུད་རིམ་ནང་ ང་ཚོས་ཞི་བའི་ཐོག་ནས་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་འཕེལ་རྒྱས་ཡོང་རྒྱུར་སྐུལ་སྤེལ་བྱས་ཡོད་པ་དང་ མ་འོངས་ང་ཚོས་ཕྱོགས་གཉིས་དབར་གྱི་དཀའ་ངལ་ཆེ་བའི་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་གནས་སྟངས་ཐོག་གྲོས་མོལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག རྒྱ་ནག་གཞུང་གིས་༡༩༤༩ལོར་རྒྱ་ནག་རྒྱལ་ནང་དམག་འཁྲུག་ནང་རྒྱལ་ཁ་ཐོབ་པའི་རྗེས་ ཐའེ་ལྦན་དེ་བཞིན་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་དང་ དྲག་པོའི་སྟོབས་ཤུགས་བེད་སྤྱད་ནས་ཐའེ་ལྦན་རྒྱ་ནག་གི་ཁོངས་སུ་ལེན་རྒྱུའི་རྣམ་འགྱུར་ལ་ད་བར་འགྱུར་བ་གང་ཡང་བཏང་མེད་ཅིང་    ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཐའེ་ལྦན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་རྒྱ་ནག་དང་ཐའེ་ལྦན་དབར་དཔལ་འབྱོར་དང་ཚོང་དོན་རིག་གཞུང་ཕྱོགས་ཀྱི་འབྲེལ་ལམ་བཟང་དུ་བཏང་ནས་ ཕྱོགས་གཉིས་དབར་དཔལ་འབྱོར་དང་ཚོང་དོན་གྱི་གནད་དོན་ཐོག་གྲོས་མོལ་ཐེངས་ཁ་ཤས་གནང་ཏེ་ རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཐའེ་ལྦན་ནང་གཏོང་རྒྱུའི་གྲངས་འབོར་ཡང་མང་དུ་ཕྱིན་ཡོད་ཀྱང་ ཐའེ་ལྦན་ཕྱོགས་ནས་རྒྱ་ནག་དང་ཐའེ་ལྦན་དབར་སྲིད་དོན་གནད་དོན་ཐོག་གྲོས་མོལ་བྱ་རྒྲུའི་རྣམ་འགྱུར་ད་ལྟའི་ཆར་རྩ་བ་ནས་བཏོན་གྱི་མེད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎