རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས།

ཉེ་ཆར་ཤིན་ཅང་ནང་བྱུང་བའི་དོན་རྐྱེན་དེ་རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་ནོར་འཁྲུལ་མིན་པ་དང་ཁ་བྲལ་རིང་ལུགས་པའི་བྱ་སྤྱོད་ཡིན་པ་བཤད་འདུག

2009.07.21

༄༅༎རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ཀྱི་ནོར་འཁྲུལ་མིན་པ་བཤད་དེ་ཁ་བྲལ་རིང་ལུགས་པའི་བྱ་སྤྱོད་ཡིན་པའི་ཞྭ་མོ་གཡོག་གི་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་གྲངས་ཉུང་མི་རིགས་ལས་དོན་ལྷན་ཁང་གི་བློན་ཆེན་གཞོན་ལྦུ་ཧྲི་མིན་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ་བཤད་དོན་ལ་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཁྲིམས་འགལ་གྱི་དྲག་པོའི་བྱ་སྤྱོད་སྤེལ་བ་དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་དང་འབྲེལ་བ་གང་ཡང་མེད་ཅིང་རྒྱ་ནག་གཞུང་ཕྱོགས་ནས་ད་བར་ཏུ་ཤིན་ཅང་ནང་གི་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་དེ་ནི་ཁ་བྲལ་རིང་ལུགས་པའི་བྱ་སྤྱོད་ཅིག་ཡིན་པ་ངོས་འཛིན་བྱེད་པ་ལས་ཡུ་གུར་མི་རིགས་གཙོས་པའི་དེ་མིན་གྱི་རྒྱ་ནག་གི་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་ཚོར་སྲིད་ཇུས་འཛིན་ཕྱོགས་ལ་དཀའ་ངལ་གང་ཡང་མེད་པ་རེད་ཅེས་དང་ད་དུང་དྲག་པོའི་ཟིང་ཆའི་དོན་རྐྱེན་དེ་བྱུང་བའི་རྗེས་ལའང་རྒྱ་ནག་གཞུང་ཕྱོགས་ནས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་རང་སོར་གནས་རྒྱུ་ལས་འགྱུར་བ་གང་ཡང་གཏོང་རྒྱུའི་འཆར་གཞི་མེད་པ་རེད་ཅེས་བཤད་ཡོད་པ་རེད། ཡིན་ནའང་ཡུ་གུར་མི་རིགས་ཚོས་བཤད་ན་དྲག་པོའི་ཟིང་ཆའི་དོན་རྐྱེན་དེའི་འབྱུང་རྩ་གཙོ་བོ་ནི་ཟླ་བ་འདིའི་ཕྱི་ཚེས་ལྔ་ཉིན་རྒྱལ་ས་ཨུ་རུམ་ཆི་ནང་ཡུ་གུར་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་ཉེ་ཆར་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནང་གི་ཕྲུ་གུ་རྩེད་ཆས་བཟོ་གྲྭའི་ནང་གི་རྒྱ་ཧན་ལས་བཟོ་བས་ཡུ་གུར་ལས་བཟོ་བའི་ཐོག་རྒོལ་རྡུང་བཏང་སྟེ་ཡུ་གུར་ལས་བཟོ་བ་གཉིས་རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་ཐོག་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བ་དེར་ཉེན་རྟོག་པས་དྲག་གནོན་གྱི་བྱ་ཐབས་ལག་བསྟར་བྱས་ཏེ་ཟིང་ཆའི་དོན་རྐྱེན་རྒྱ་ཁྱབ་ཆེ་རུ་བཏང་བ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

ལྷག་པར་དུ་རྒྱ་ནག་གིས་ངོས་འཛིན་བྱེད་པའི་གྲངས་ཉུང་མི་རིགས་དཔེར་ན་བོད་དང་ཤར་ཏུར་ཀི་སི་ཐན་གྱི་མི་རིགས་ཚོས་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པ་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ས་ཆའི་ཐོག་རྒྱ་ཧན་མི་རིགས་ཀྱི་གྲངས་འབོར་འཕེལ་རྒྱས་འགྲོ་བ་མ་ཟད་རྒྱ་ཧན་མི་རིགས་ཀྱིས་ཁོང་ཚོའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ཡོངས་རྫོགས་འཁྱེར་བའི་ཁར་མི་རིགས་རང་ཉིད་ཀྱི་རིག་གཞུང་དང་ཆོས་ལུགས།སྐད་ཡིག་སོགས་ཆགས་འཇིགས་ཀྱི་གནས་སུ་འགྱུར་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎