ཤིན་ཅང་ནང་ཚོང་དོན་སྤེལ་རྒྱུར་བདེ་འཇགས་ཡོད་ལུགས།

རྒྱ་ནག་གཞུང་གི་དཔོན་རིགས་ནས་རྒྱ་མིས་འབོད་པའི་ཤིན་ཅང་ས་ཁུལ་ནང་ཚོང་དོན་སྤེལ་རྒྱུར་བདེ་འཇགས་ཡོད་པ་བརྗོད་འདུག

2008.05.09

༄༅༎རྒྱ་ནག་གཞུང་གི་དཔོན་རིགས་ནས་རྒྱ་མིས་འབོད་པའི་ཤིན་ཅང་ས་ཁུལ་ནང་ཚོང་དོན་སྤེལ་རྒྱུར་བདེ་འཇགས་ཡོད་པ་བརྗོད་འདུག

ཤིན་ཅང་ནང་འཇིགས་སྐུལ་དྲག་སྤྱོད་པ་དང་དེ་བཞིན་ས་གནས་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་ཕྱོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཡོད་མེད་ལ་མ་ལྟོས་པར་ ད་རེས་གཟའ་པ་སངས་ཉིན་ཤིན་ཅང་ནང་ཡོད་པའི་རྒྱ་མིའི་དཔོན་རིགས་ཧུ་ཝེ་ནས་ཤིན་ཅང་ས་གནས་ནང་མ་རྩ་འཛུགས་གཉེར་ཚོང་དོན་སྤེལ་རྒྱུར་བདེ་འཇགས་ཀྱི་ཉེན་ཚབས་གང་ཡང་མེད་པ་དང་། ཤིན་ཅང་དང་མི་སྣ་ཉུང་ཤས་ཤིག་གིས་བདེ་འཇགས་ལ་གནོད་ཚབས་བྱེད་མཁན་ཡོད་ན་ཡང་ དེ་ཚོའི་བྱ་སྤྱོད་ཀྱིས་ས་གནས་ཀྱི་བདེ་འཇགས་ལ་གནོད་ཚབས་ཀྱི་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་ཀྱི་མེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ཚང་མའི་ཐོག་ནས་དེང་སྐབས་ཤིན་ཅང་དེ་བཞིན་ལོ་རྒྱུས་ཐོག་ནས་འཕེལ་རྒྱས་ཤུགས་ཆེ་ཤོས་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་ལུགས་བརྗོད་ཡོད་པ་རེད་། ཡིན་ནའི་ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཤིན་ཅང་འཇིགས་སྐུལ་དྲག་སྤྱོད་པའི་ཉེས་བཙུགས་ཐོག་ནས་ཡུ་གུར་མི་རིགས་མང་པོར་ལོ་མང་བཙོན་འཇུག་གི་ཉེས་ཆད་བཅད་ཡོད་པ་དང་། རྒྱ་ནག་གཞུང་གི་དཔོན་རིགས་ནས་བརྗོད་པ་ལྟར་ན་ ཟླ་བ་སྔོན་མ་ཤིན་ཅང་ནང་ཤིན་ཅང་རང་བཙན་གྱི་འདོད་ཚུལ་འཛིན་མཁན་མི་ཉུང་ཤས་ཤིག་གིས་གཞུང་གི་དཔོན་རིགས་དང་ལས་ཁུངས་ལ་གཏོར་བཤིག་གི་བྱ་སྤྱོད་སྤེལ་ཡོད་ན་ཡང་ལམ་ལྷོང་བྱུང་མེད་ལུགས་དང་། ཤིན་ཅང་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་བྱུང་ན་ཡང་དེ་དག་འཕྲལ་དུ་འགོག་ཐུབ་པའི་ནུས་པ་ཡོད་ལུགས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎