རྒྱ་ནག་གི་འབྱོར་ལྡན་དམར་ཤོག་ཁྲོད་ནང་ཆོས་ལ་དད་མཁན་ཇེ་མང་།


2015.01.29
༧གོང་ས་མཆོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཟུར་པ་ཞོ་ཨུ་ནན་Xiao Wunanམཇལ་འཕྲད་སྐབས། ༢༠༡༢ ༧གོང་ས་མཆོག་དང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཟུར་པ་ཞོ་ཨུ་ནན་Xiao Wunanམཇལ་འཕྲད་སྐབས། ༢༠༡༢
དྲ་བཤུས

རྒྱ་ནག་ནང་འབྱོར་ལྡན་ཅན་གྱི་དམར་ཤོག་ཚོགས་མིའི་ཁྲོད་བོད་བརྒྱུད་ནང་ཆོས་ལ་དད་མོས་ཇེ་ཆེར་འགྲོ་བཞིན་པ་རེད།
དེ་ཡང་ཚེས༢༩ཉིན་BBC་གསར་ཁང་གི་གསར་འགོད་པ་John Sudworthཞེས་པས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ནས་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་དོ་བདག་ཁོང་ཉིད་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་གྲས་ཟུར་པ་ཞིག་གི་ནང་དུ་ཁྲིད་སྐབས། མཆོད་ཁང་ནང་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་ཡོད་པའི་སྐོར་བརྗོད་འདུག གསར་འགོད་པས། གནས་ཚུལ་དེ་ནི་ཧང་སངས་དགོས་པ་ཞིག་དང་། དེ་ཡང་རྒྱ་ནག་ནང་བོད་པའི་ནང་ཆོས་ལ་དོ་སྣང་དང་དད་གུས་བྱེད་མཁན་ཇེ་མང་དང་། ལྷག་པར་དུ་འབྱོར་ལྡན་གྱི་དམར་ཤོག་ཚོགས་པའི་ཚོགས་མིའི་ནང་དུ་ཡང་དེ་བཞིན་ནང་ཆོས་ལ་དད་གུས་དང་སྐྱབས་འཇུག་ཞུ་མཁན་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མཚོན་ཡོད་ཅེས་བརྗོད་འདུག དེ་མ་ཟད་ད་དུང་གསར་འགོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཟུར་པ་ཞོ་ཨུ་ནན་Xiao Wunanཁོང་ཉིད་ཀྱིས༢༠༡༢ལོར་རྒྱ་གར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་བྱས་པའི་བརྙན་པར་ཞིག་བསྟན་འདུག དེ་ལ་ད་ལྟའི་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཀྱིས་རྒྱབ་སྐྱོར་མེད་པར་ཁོང་རང་སྒེར་གྱིས་དེ་ལྟ་བུ་བྱེད་ཕོད་པ་ཞིག་མ་རེད་ཅེས་བརྗོད་འདུག དེའི་སྐོར་BBC་གསར་འགོད་པས་བོད་དོན་ཉམས་ཞིབ་པ་དང་ཀོ་ལུམ་བྷེ་ཡ་གཙུག་ལག་སློབ་གཉེར་ཁང་གི་Robert Bernettལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་༧གོང་ས་མཆོག་དང་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཟུར་པ་ཞིག་མཇལ་འཕྲད་གནང་བའི་དཔང་རྟགས་བརྙན་པར་ཡོད་པ་དེར་ཆབ་སྲིད་ཀྱི་གནད་འགག་ཇི་ཙམ་ཡོད་མེད་བཤད་མི་ཐུབ་ཀྱང་། དེ་ནི་རྒྱ་ནག་གི་ཕྱོགས་ནས་གལ་ཆེན་པའི་བརྡ་ཞིག་རེད། གཅིག་བྱས་ན་རྒྱ་ནག་གི་མཐོ་རིམ་དཔོན་པོའི་ནང་ཁུལ་དུ་དེའི་སྐོར་བགྲོ་གླེང་བྱེད་ཀྱིན་ཡོད་པ་དང་། གཅིག་བྱས་ན་གནས་ཚུལ་ཞིག་ཡོང་སྲིད་པའི་བརྡ་བསྟན་ལུགས་བརྗོད་འདུག
ཉེ་བའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གི་དཔོན་རིགས་བར་གཞུང་འབྲེལ་མ་ཡིན་པའི་གྲོས་མོལ་ཞིག་ཡོང་དང་ཡོང་བཞིན་པ་དང་། ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་སྲིད་པའི་གནས་ཚུལ་ཡང་གླེང་བཞིན་ཡོད་པ་རེད། གང་ལྟར་དོན་རྐྱེན་དེ་དག་ལ་གཞིགས་ན། དོན་དངོས་གང་ཡིན་ཡང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ནང་ཁུལ་ལ་བོད་བརྒྱུད་ནང་ཆོས་ཐོག་དོ་སྣང་ཆེན་པོ་ཞིག་སླེབས་བཞིན་པ་དེ་དཔང་རྟགས་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎