རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡོད་པའི་རྒྱ་མིའི་ཚོགས་པར་སྐུལ་སློང་།

རྒྱ་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མིའི་ཚོགས་པ་ཁག་ལ་བོད་ཁ་བྲལ་གྱི་ལས་འགུལ་ཐོག་སྔར་བས་ངོ་རྒོལ་ནུས་ཤུགས་འདོན་སྤེལ་བྱེད་དགོས་བཤད།

2009.04.28

༄༅༎རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཁ་བྲལ་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་མིའི་ཚོགས་པ་ཁག་ལ་བོད་ཁ་བྲལ་གྱི་ལས་འགུལ་ཐོག་སྔར་བས་ངོ་རྒོལ་ནུས་ཤུགས་འདོན་སྤེལ་བྱེད་དགོས་པ་དང་རྒྱ་ནག་དང་ཐེ་དབན་གཉིས་ཀྱི་འབྲེལ་ལམ་ཞི་བའི་ཐོག་ནས་ཡར་རྒྱས་ཡོང་ཐབས་ཀྱི་འབད་བརྩོན་བྱེད་དགོས་ཞེས་བཤད་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་གསུམ་ནས་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་རྒྱ་ནག་ཞི་བདེ་གཅིག་གྱུར་གྱི་སྐུལ་སྤེལ་ཚོགས་པའི་ལྷན་ཚོགས་མཇུག་སྒྲིལ་བའི་ཉིན་ཕྱི་རྒྱལ་དུ་ཡོད་པའི་ཁ་བྲལ་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་མིའི་ཚོགས་སྡེ་ཁག་ཚོར་འབོད་སྐུལ་བྱས་པ་ཞིག་ཡིན་ཞིང་ལྷན་ཚོགས་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་དྲུག་ཅུ་རེ་བརྒྱད་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་བརྒྱ་དང་ཉི་ཤུ་རྩ་གཉིས་མཉམ་ཞུགས་བྱས་ཡོད་པ་དང་ཕྱི་ཚེས་ཉི་ཤུ་བཞི་ཉིན་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་ཞི་བདེ་གཅིག་གྱུར་གྱི་སྐུལ་སྤེལ་ཚོགས་པ་དེའི་ཚོགས་གཙོ་ཅཱ་ཆིང་ལིན་ཡིས་རྒྱ་མིའི་སྐུ་ཚབ་ཁག་དང་མཇལ་འཕྲད་བྱས་པ་དང་ཕྱི་ཚེས་ཉི་ཤུ་ལྔ་ཉིན་མཐའ་མའི་ལྷན་ཚོགས་མཇུག་སྒྲིལ་བའི་ཐོག་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་དེད་བཏང་བའི་སྐོར་བཀོད་ཡོད་པ་རེད། ད་རེས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མིའི་ཚོགས་པ་ཁག་ལ་བོད་ཁ་བྲལ་ལ་ངོ་རྒོལ་མུ་མཐུད་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེ་ བྱས་པའི་དུས་ཚོད་དེ་ནི་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱང་བཞིན་པའི་སྐབས་དང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ས་གནས་ཁག་མི་འདྲ་བའི་ནང་ས་གནས་མི་དམངས་ལ་གསུང་བཤད་གནང་རྒྱུ་མ་ཟད་འདི་ག་ཨ་རིའི་ནང་དུ་ཡོད་པའི་རྒྱ་མི་རིགས་དམངས་གཙོའི་ལས་འགུལ་སྤེལ་མཁན་དང་རྒྱ་མི་རིགས་མཁས་དབང་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་སྐྱོང་བཞིན་པའི་སྐབས་དེར་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎