ཐའེ་ལྦན་གྱི་ཀའོ་ཞུའང་དུ་ཡུལ་བསྐོར་སྤྲོ་འཆམ་འགྲོ་རྒྱུར་དགག་བྱ།

རྒྱ་མིའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་བལྟ་སྐོར་དང་འགྲིམ་འགྲུལ་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ལུགས་བཀོད་ཁྱབ།

2009.09.17

༄༅༎ཉེ་ལམ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་ཆིབས་བསྒྱུར་གནང་པའི་གནད་དོན་ལ་བརྟེན་ནས་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་བལྟ་སྐོར་དང་འགྲིམ་འགྲུལ་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ལུགས་རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཐའེ་ལྦན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་རྒྱ་ནག་ཉིན་རེའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན་ཏཱ་ལའི་བླ་མས་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་ཆིབས་བསྒྱུར་བསྐྱངས་པའི་རྗེས་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་དེ་སྔོན་གྲོང་ཁྱེར་དེའི་ནང་གླ་གཡར་བྱས་པའི་མགྲོན་ཁང་ཁག་ནས་མིང་གཞུང་སྟོང་ཚོ་མང་པོ་ཕྱིར་འཐེན་བྱས་ཡོད་པ་དང་དེ་ལྟར་ཕྱིར་འཐེན་བྱེད་དགོས་དོན་ནི་རྒྱ་ནག་ནང་གི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ཚོར་གནས་སྐབས་རིང་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་འགྲིམ་འགྲུལ་མཚམས་འཇོག་བྱེད་དགོས་ལུགས་གཞུང་ཕྱོགས་ཀྱི་བཀོད་ཁྱབ་བརྟེན་ནས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག གནས་ཚུལ་ནང་བཀོད་པར་གཞིགས་ན་རྒྱ་ནག་སྐམ་ས་ཆེན་མོ་ནས་རིང་མིན་ཕྱི་ཟླ་བཅུ་པའི་ནང་ཀའོ་ཞུའང་གྲོང་ཁྱེར་རུ་འགྲིམ་འགྲུལ་ཆེད་སྔོན་ཚུད་ནས་མགྲོན་ཁང་གླ་གཡར་བྱས་པ་ཉིས་བརྒྱ་སྐོར་ཞིག་ནས་མགྲོན་ཁང་གླ་གཡར་ཕྱིར་འཐེན་བྱས་འདུག་པ་དང་མིང་འདོན་མ་བྱས་པའི་ཐའེ་ལྦན་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་ཚོང་དོན་ལས་ཁང་ཞིག་གི་ལས་བྱེད་པ་ཞིག་ནས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་ཀའོ་ཞུའང་གྲོང་ཁྱེར་རུ་འགྲིམ་འགྲུལ་མཚམས་འཇོག་བྱེད་པ་དེ་གྲོང་ཁྱེར་དེའི་ནང་ཏཱ་ལའི་བླ་མ་ཆིབས་བསྒྱུར་བསྐྱངས་པའི་གནད་དོན་ལ་ཐུག་གི་ཡོད་སྐོར་དང་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་མགྲོན་ཁང་གླ་གཡར་དང་འགྲིམ་འགྲུལ་ཕྱིར་འཐེན་བྱས་པ་དེས་ས་ཁུལ་ནང་ཐའེ་ལྦན་གྱི་ཤོག་སྒོར་ས་ཡ་དྲུག་ལྷག་གི་ཡོང་བབས་གྱོང་གུན་ཕོག་ཡོད་ལུགས་སྐོར་རྒྱ་ནག་ཉིན་རེའི་གསར་ཤོག་གི་གནས་ཚུལ་ལུང་འདྲེན་བྱས་འདུག གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་ཐའེ་ལྦན་གྱི་ཀའོ་ཞུའང་གྲོང་ཁྱེར་རུ་འགྲིམ་འགྲུལ་ཤར་བསྐྱོད་ཡོང་ཆེད་ཀའོ་ཞུའང་གྲོང་ཁྱེར་གྱི་མགྲོན་ཁང་མཐུན་ཚོགས་ནས་རིང་མིན་གྲོང་ཁྱེར་དེའི་གློག་བརྙན་དུས་སྟོན་སྐབས་ཤར་ཏུར་ཀི་སི་ཐན་གྱི་དབུ་འཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་གྱི་ལོ་རྒྱུས་གློག་བརྙན་གཟིགས་འབུད་ཕྱིར་འཐེན་དགོས་པ་སོགས་རྒྱ་ནག་སྐམ་ས་ཆེན་མོར་ཕོག་ཐུག་གི་ལས་དོན་མཚམས་འཇོག་ཡོང་རྒྱུའི་འབོད་སྐུལ་དང་སྐུལ་ལྕག་བྱེད་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎