ཐེ་ཝན་གྱི་སྲིད་འཛིན་གསར་པའི་མཛད་འགན་འགྲུབ་རྒྱུར་དཀའ་ངལ།


2016.05.18
འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་Tsai Ing Wenམཆོག ༢༠༡༦ འོས་བསྡུའི་རྒྱལ་ཁ་ཐོབ་པའི་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་Tsai Ing Wenམཆོག ༢༠༡༦
AFP

འདི་ལོའི་ཕྱི་ཟླ་དང་པོར་ཐེ་ཝན་ནང་སྲིད་འཛིན་གྱི་འོས་བསྡུ་བྱས་པའི་ནང་དམངས་གཙོ་ཡར་ཐོན་ཚོགས་པའི་དབུ་འཁྲིད་ལྕམ་Tsai Ing-wen་ལ་རྒྱལ་ཁ་ཐོབ་སྟེ། འདི་ཚེས་༢༠་ཉིན་ཁོང་གིས་སྲིད་འཛིན་གྱི་ལས་འཁུར་འགོ་འཛུགས་གནང་རྒྱུ་ཡིན་པ་དེ་ལྟར་ཡང༌། ཁོང་གི་ལས་རྒྱུན་རིང་ཐེ་ཝན་མང་ཚོགས་ཀྱི་མངོན་འདོད་སྐོང་ཐུབ་པའི་འབད་བརྩོན་གནང་དགོས་པ་དང་། དུས་མཉམ་དུ་རྒྱ་ནག་གི་མཉམ་དུའང་བསྟུན་མཁས་གནང་དགོས་པ་གལ་ཆེན་པོ་ཡིན་སྟབས། སྲིད་འཛིན་གསར་པའི་མཛད་འགན་འགྲུབ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཟོ་ཡོད་པའི་གནས་ཚུན་ཐོན་འདུག
དེ་ཡང་འདས་པའི་མི་ལོ་བརྒྱད་རིང་ཐེ་ཝན་ནང་གོ་མིང་ཏང་ཚོགས་པས་དབང་ཆ་འཛིན་པའི་སྐབས། རྒྱ་ནག་སྐམ་ས་ཆེན་མོའི་མཉམ་བསྟུན་མཁས་ཀྱི་སྲིད་བྱུས་ཤིག་བཟུང་བ་མ་ཟད། ཐེ་ཝན་གྱི་དཔལ་འབྱོར་གནས་སྟངས་རྒྱ་ནག་ལ་ཧ་ཅང་ཤུགས་ཆེན་པོ་བརྟེན་དགོས་པ་བཟོས་པ་དེ་དག་ལ། ཐེ་ཝན་མང་ཚོགས་སྤྱི་དང་ལྷག་པར་དུ་ཐེ་ཝན་རང་བཙན་འདོད་མཁན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་རྣམས་ལ་བློ་འཚབ་ཆེན་པོ་བྱུང་བར་བརྟེན། ཐེ་ཝན་མི་མང་གིས་ལྕམ་Tsai Ing-wen་སྲིད་འཛིན་དུ་འོས་འདེམས་ཀྱིས། ཁོང་གིས་ཐེ་ཝན་རྒྱ་ནག་ནས་ཐ་དད་ཡིན་པའི་ངོ་བོ་སྲུང་སྐྱོབ་གནང་བ་དང་སྦྲགས། ཐེ་ཝན་གྱི་དཔལ་འབྱོར་ཡང་རྒྱ་ནག་ལ་ཤུགས་ཆེན་པོ་བརྟེན་མི་དགོས་པ་བཟོ་བའི་རེ་བ་བཅང་བཞིན་ཡོད་པར་སོང༌། སྲིད་འཛིན་གསར་པས་མང་ཚོགས་ཀྱི་རེ་བ་དེ་དག་སྐོང་ཐུབ་པ་གནང་དགོས་པ་མཉམ་དུ་རྒྱ་ནག་ལའང་ཕོག་ཐུག་ཆེན་པོ་མི་འགྲོ་བའི་ལངས་ཕྱོགས་ཤིག་འཛིན་དགོས་པ་གལ་གནད་ཆེན་པོ་ཡིན་པ་National Taiwan Normal་གཙུག་ལག་སློབ་གྲ་ཆེན་མོའི་ཉམས་ཞིབ་པ་སྐུ་ཞབས་Fan Shih-ping་གིས་གསུངས་འདུག   

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎