རྒྱ་ནག་ནང་དཔལ་འབར་མུ་མཐུད་བསྐོར་བསྐྱོད་བྱེད་རྒྱུ།

རེས་གཟའ་ཕུར་བུའི་ཉིན་དེ་སྔའི་འཆར་གཞི་ལྟར་རྒྱ་ནག་ལྷོ་ཕྱོགས་ཁུལ་དུ་དཔལ་འབར་བསྐོར་བསྐྱོད་བྱེད་རྒྱུ་ཡིན་འདུག

2008.05.21

༄༅༎གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བ་ཞིག་རོའུ་ཀྲར་གསར་ལས་ཁང་ནས་ལུང་འདྲེན་བྱས་པར་ལྟར་ན། ཉེ་ཆར་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་ས་ཡོམ་ཤུགས་ཆེ་རྒྱབ་ནས་མི་མང་སྟོང་ཕྲག་འགའ་ཤས་ཀྱི་ཚེ་སྲོག་ཤོར་བ་དང༌། ཁྲི་ཁྲག་འགའ་ཤས་ཀྱི་སྡོད་ཁང་ཤུལ་མེད་གྱུར་པ་སོགས་མི་རྒྱུ་གཉིས་ལ་དོ་ཕོག་ཤུགས་ཆེ་ཐེབས་ཡོད་ཙང་རྒྱ་ནག་གཞུང་ནས་རེས་གཟའ་ཟླ་བ་ནས་བཟུང་ཉིན་གྲངས་གསུམ་རིང་མྱ་ངན་ཞུ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་ལ་ དེས་རྐྱེན་པས་ཨོ་ལིམ་པིག་གི་དཔལ་འབར་བསྐོར་བསྐྱོད་བྱེད་རྒྱུའང་ཕྱིར་འགྱངས་བྱས་ཡོད་པ་རེད། འོན་ཀྱང་སང་ཉིན་རེས་གཟའ་ཕུར་བུའི་ཉིན་སླར་ཡང་དེ་སྔའི་འཆར་གཞི་ལྟར་རྒྱ་ནག་ལྷོ་ཕྱོགས་ཁུལ་ནིང་སྦོ་ཞེས་པའི་ས་ཁུལ་དུ་དཔལ་འབར་བསྐོར་བསྐྱོད་བྱེད་རྒྱུ་ཡིན་འདུག། འོན་ཀྱང་གནད་དོན་འདིའི་སྐོར་ཤིན་ཧ་གསར་འགྱུར་ནང་གནས་ཚུལ་བཀོད་ཐོན་བྱུང་ཡོད་པ་ལས་རྩེད་འགྲན་ཚོགས་ཆུང་ནས་འདི་བྱས་གང་ཡང་གསལ་བཤད་བྱས་མེད་པ་རེད། འཆར་གཞི་གཞིར་བཟུང་ལྟར་ན། ནིང་སྦོ་གྲོང་ཁྱེར་གྱི་རྗེས་སུ་རིམ་པས་དཔལ་འབར་དེ་བཞིན་ཧྲང་ཧའེ་དང༌། དེ་ནས་ཕྱི་ཟླ་དྲུག་པའི་ཚེས་ ༡༥ ནས་ཚེས་ ༡༨ བར་ས་ཡོམ་གྱི་གོད་ཆགས་ཤུགས་ཆེ་ཕོག་ཡུལ་ཟི་ཁྲོན་ཞིང་ཆེན་དུ་བསྐོར་བསྐྱོད་བྱེད་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག། ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་བཀོད་ཡག་ལ། ཨོ་ལིམ་པིག་རྩེད་འགྲན་གྱི་ལོ་རྒྱུས་ནང་། ད་རེས་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྒྱུའི་དཔལ་འབར་བསྐོར་བསྐྱོད་བྱེད་རྒྱུའི་འགྱངས་ཐག་རིང་ཤོས་ཤིག་ཆགས་ཡོད་པའི་དུས་ཡུན་དེའི་རིང་། ཐོག་མར་རྒྱལ་སྤྱིའི་ནང་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་བྱེད་མཁན་རྒྱུན་མི་ཆད་པར་བྱུང་བ་དང༌། དེ་ནས་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྟེང་འཁྱེར་འགྲོ་རྒྱུར་གནམ་གཤིས་ཡག་པོ་མེད་སྟབས་ཉིན་ཤས་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་རེད། འོན་ཀྱང་བོད་མིའི་ངོ་རྒོལ་དང་། ཧི་མ་ལ་ཡའི་གངས་རི་གཉིས་ཀས་དཔལ་འབར་བཀག་ཐུབ་མེད་ཀྱང་ས་ཡོམ་གྱི་གོད་ཆགས་ཕོག་ནས་མི་རྒྱུ་གཉིས་ལ་དོ་ཕོག་བྱུང་བ་དེས་འགོག་རྐྱེན་བཟོས་ཡོད་པ་རེད་བཅས་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎