རྒྱ་ནག་གིས་ཨ་རི་ལ་སླར་ཡང་ཉེན་བརྡ་བཏང་ཡོད་པ།
2010.02.25
༄༅༎ཨ་མི་རི་ཀས་ཐའེ་ལྦན་ལ་མ་འོངས་པར་གོ་མཚོན་ཚོང་འགྲེམས་བྱེད་ཕྱོགས་ཐོག་རྒྱ་ནག་ནས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་ནས་རྒྱུན་ལྡན་ནས་ཨ་མི་རི་ཀའི་ངོས་ནས་ཐའེ་ལྦན་ལ་དམག་དོན་གོ་མཚོན་ཚོང་འགྲེམས་བྱེད་ཕྱོགས་ཐོག་སྐྱོན་བརྗོད་ཡང་ནས་ཡང་དུ་བྱས་དང་བྱེད་མུས་ཐོག་དེ་རིང་སླར་ཡང་རྒྱ་ནག་བདེ་སྲུང་ཚན་པའི་མགྲིན་ཚབ་པས། རྒྱ་ནག་དང་ཨ་རི་ཡུལ་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་ཨ་མི་རི་ཀའི་ངོས་ནས་ཟབ་ཟབ་བྱེད་དགོས་པ་དང་གལ་སྲིད་ཡུལ་གཉིས་ཀྱི་དམག་དོན་གྱི་འབྲེལ་ལམ་ལ་གནོད་སྐྱོན་ཕོག་པ་ཡིན་ན་དེའི་འགན་འཁྲི་ཨ་རི་འཁྱེར་དགོས་ལུགས་ཞེས་གཞུང་འབྲེལ་གསར་ཤོག་ནང་བཀོད་ཡོད་པ་རེད་ དེ་དང་ཕྱོགས་མཚུངས་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་གང་གིས། ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་འབྲེལ་བྱ་རྒྱུའི་འཆར་གཞི་དེས་རྒྱ་ནག་གི་སྲུང་སྐྱོབ་ལ་ཉེན་ཁ་བཟོ་གི་ཡོད་པར་བརྟེན་རྙོག་ཁྲ་བཟོ་མཁན་དེས་རྙོག་ཁྲ་འཛིངས་བསང་དགོས་ཀྱི་རེད་ཅེས་རྒྱ་ནག་གི་གཞུང་འབྲེལ་ཚན་པ་ཚོས་ཨ་མི་རི་ཀར་ཉེན་བརྡ་བཏང་ཡོད་འདུག
ད་རེས་རྒྱ་ནག་ཕྱོགས་ནས་ཉེན་བརྡ་བཏང་དགོས་དོན་ནི་ཉིན་ཤས་གོང་ཨ་རིའི་བདེ་སྲུང་ཚན་པའི་གསར་འགྱུར་བརྒྱུད་ལམ་ཞིག་ནང་ཐའེ་ལྦན་གྱི་གནམ་དམག་གོ་མཚོན་ལྡེང་ངེས་ཤིག་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་དེས་ཡིན་པ་མ་ཟད་ཨ་རིའི་ངོས་ནས་ཐའེ་ལྦན་ལ་གནམ་དམག་གནམ་གྲུ་ཚོང་བསྒྱུར་བྱ་རྒྱུའི་འཆར་གཞི་ཡོད་ལུགས་གླེང་སློང་ཡོང་བཞིན་པ་དེས་ཡིན་པ་རེད།
རྒྱ་ནག་ནས་ཐའེ་ལྦན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བརྟེན་གོ་མཚོན་ཚོང་འགྲེམས་བྱེད་རྒྱུ་དེ་ནི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་ཡིན་ལུགས་བཤད་ཀྱི་ཡོད་པ་རེད།