འཆར་གཞི་ལྟར་གྲུབ་བཞིན་ཡོད་ལུཌ་བརྗོད་འདུག

རྒྱ་ནག་མི་དམངས་ཚོགས་ཆེན་སྐབས་འཆར་གཞི་དང་བསམ་ཚུལ་བཏོན་པ་ཚང་མ་ལག་ལེན་དོན་འཁེལ་བྱུང་ཡོད་ལུགས་སྙན་ཐོ་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

2012.12.27

༄༅།    །དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་ད་རིང་གནས་ཚུལ་སྤེལ་བར་ལྟར་ན། ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་མི་དམངས་ཚོགས་ཆེན་ཐེངས་༡༡ཐོག་གྲོས་ཚོགས་འཐུས་མི་ཚོས་རྒྱལ་ཡོངས་ནས་འཆར་གཞི་དང་བསམ་ཚུལ་བརྒྱད་ཁྲི་ལྷག་ཙམ་བཏོན་ཡོད་པ་དང་། དེའི་ཁོངས་ནས་བརྒྱ་ཆ་༧༩ཙམ་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པས་མ་ཟད།    དེ་དག་གི་ཐོག་འདོད་བློ་འཁེངས་པའང་བྱུང་ཡོད་རེད་ཅེས་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་སྙན་ཐོ་བཏོན་ཡོད་འདུག ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་བཀོད་པར་ལྟར་ན། བོད་ནང་གི་གྲོས་ཚོགས་འཐུས་མི་ཚོས་གཞིས་ཀ་རྩེའི་ནང་ཆུ་མཛོད་ཀྱི་འཆར་གཞི་བཏོན་པ་དེའི་ཐོག་འབྲེལ་ཡོད་ལས་ཁུངས་ནས་དམིགས་བསལ་ས་གནས་རང་དུ་ཞིབ་འཇུག་དང་ཉམས་ཞིབ་བྱས་པའི་རྗེས་སུ་བཀའ་འཁྲོལ་ཐོབ་པ་བྱུང་ཡོད་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག་ལ།    འཆར་གཞི་དེའི་ཐོག་དབུས་གཞུང་ནས་ཨ་རིའི་དྲོ་ལར་ས་ཡ་༨༠༠ ཙམ་བཏང་ནས་ཁུལ་དེའི་མི་མང་གི་འཚོ་བ་ཡར་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཕན་ཐོགས་བྱུང་ཡོད་ལུགས་ཀྱང་བཀོད་ཡོད་པ་རེད།
ཡང་ཁ་ས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་མི་མང་ཚོགས་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཚོགས་འདུའི་ཐོག་ས་ཆའི་བདག་དབང་ཐོག་ཟུར་དུ་ཁྲིམས་ཞིབ་བྱེད་རྒྱུའི་ལམ་སྲོལ་ཞིག་གསར་གཏོད་བྱེད་རྒྱུར་བསམ་ཚུལ་ཤུགས་ཆེ་བཏོན་གྱི་ཡོད་ལུགས་ཀྱང་འགྲེལ་བརྗོད་བྱས་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎