རྒྱ་ནག་གི་ཆབ་སྲིད་ལ་བཅོས་བསྒྱུར་དགོས།

རྒྱ་ནག་ནང་གི་མཁས་དབང་༧༡ ཙམ་ནས་གཞུང་ལ་ཞུ་སྙན་ཞིག་ཕུལ་ནས་སྲིད་གཞུང་ལ་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཕུལ་ཡོད་འདུག

2013.01.01

༄༅།    །དེ་ཡང་རྒྱ་ནག་ནང་གི་མཁས་དབང་ ༧༡ ཙམ་ནས་གཞུང་ལ་ཞུ་སྙན་ཞིག་ཕུལ་ཡོད་པའི་སྐོར་བདུན་ཕྲག་སྔོན་མ་དྲ་རྒྱའི་ནང་དུའང་བཀོད་ཐོན་བྱུང་ཡོད་པ་དེའི་ནང་། ས་རྟག་བཀོད་མཁན་གྲས་སུ་པེ་ཅིང་འཕྲུལ་ལས་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ཧུ་ ཤིང་དའུས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱེད་པར་ལྟར་ན། ང་ཚོའི་སྙན་ཞུ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བཅོས་བསྒྱུར་གྱི་ཞུ་སྙན་དང་གཅིག་མཚུངས་མ་ཡིན་པར་གུ་ཡངས་པོའི་ཐོག་ནས་ཉེ་ཆར་སྲིད་འཛིན་གསར་པ་འོས་འདེམས་བྱུང་བའི་ཞི་ཅི་པིང་གི་གསུངས་བཤད་ནང་དོན་ལྟར། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བཅོས་བསྒྱུར་ཡོང་ཐབས་ཀྱི་འབོད་སྐུལ་ཞུས་ཡོད་རེད། གལ་སྲིད་གཞུང་གི་ངོས་ནས་ད་ལྟ་ནས་བཅོས་བསྒྱུར་ཞིག་མ་གཏོང་བར་ནར་འགྱངས་བཏང་བ་ཡིན་ན་མང་ཚོགས་ནང་ལྐོག་ཟ་རུལ་སུངས་དང་ལས་དོན་བྱེད་ཕྱོགས་ལ་འདོད་བློ་མི་འཁེངས་པའི་རྣམ་པ་ཤུགས་ཆེ་རུ་ཕྱིན་ནས་འཚེ་བའི་ལམ་ནས་སྒེར་ལངས་ཀྱི་ལས་འགུལ་སྤེལ་སྲིད་པ་རེད། དེ་འདྲ་ཡིན་དུས་གཞུང་གི་ངོས་ནས་ཆབ་སྲིད་དང་། མི་མང་ལ་སྨྲ་བརྗོད་རང་དབང་། གསར་འགོད་རང་དབང་སོགས་གུ་ཡངས་སུ་གཏོང་རྒྱུའི་དུས་ཚོད་ཕྱི་མ་དྲག་ནས་སྔ་དྲག་ཡོད་མ་རེད། དེ་རྩིས་གཞུང་ཕྱོགས་ནས་ཀྱང་མི་མང་གི་མངོན་འདོད་བཞིན་ཁ་ལོ་བསྒྱུར་དགོས་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་གསུངས་ནས་གང་ལྟར་ཞུ་སྙན་དེའི་ནང་རྒྱ་ནག་གཞུང་གི་འགོ་འཁྲིད་གསར་པ་ཚོའི་ཐོག་ནས་ཆབ་སྲིད་ཀྱི་བཅོས་བསྒྱུར་གཏོང་དགོས་པ་ནི་ཕན་ཚུན་གཉིས་ཀའི་གཏན་ལྷིང་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ལུགས་ཞུས་ཡོད་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎