རྒྱ་མི་ཞིག་གིས་རྒྱ་གྲམ་དམར་པོའི་དྲ་རྒྱའི་ཐོག་རྐུ་འཁྱེར་བྱས་པ།

རྒྱ་མི་རིགས་ཤིག་གིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱ་རྐུ་འཁྱེར་བྱས་པར་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་བཏང་འདུག

2008.07.12

༄༅༎རྒྱ་མི་རིགས་ཤིག་གིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱ་རྐུ་འཁྱེར་བྱས་ཏེ་བར་ལམ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་བར་རོགས་རམ་གྱི་དཔལ་འབྱོར་རང་ཉིད་ཀྱི་དངུལ་འཛིན་ནང་བཅུག་དགོས་པ་བཤད་དེ་ཁྲིམས་འགལ་ཅན་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་ཀྱིས་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་བཀོད་པའི་ནང༌། ལོ་༢༣ཡིན་པ་དབྱང་ལི་ཐའོ་ཡིས་དཔལ་འབྱོར་མགོ་སྐོར་དང་ཁ་བླུད་རྒྱབ་རྒྱུའི་ཁྲིམས་འགལ་གྱི་ནག་ཉེས་བསགས་པའི་ཉེས་འཛུགས་ཀྱིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ཤར་ཕྱོགས་ཅང་སུའུ་ཞིང་ཆེན་གྱི་ཁྲིམས་ཁང་ནས་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པའི་སྐོར་དང༌། དབྱང་ལི་ཐའོ་ཡིས་ཁ་སྔོན་ཕྱི་ཟླ་༥པའི་ཚེས་༡༢ཉིན་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚབས་ཆེའི་ས་ཡོམ་གྱི་རང་འབྱུང་གནོད་འཚེ་བྱུང་ནས་ཉི་མ་དྲུག་ཕྱིན་པའི་རྗེས་གྲོང་ཁྱེར་ཧྲང་ཧའེ་ཡི་ཉེ་ཁྲིད་དུ་ཡོད་པའི་ཁུན་ཧྲན་གྲོང་ཁྱེར་ནང་གི་ས་གནས་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱའི་ཐོག་འཛུལ་ཏེ་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱའི་གསང་བའི་ཨང་ཀི་སོགས་རྐུ་འཁྱེར་བྱས་ཏེ་ས་ཡོམ་གྱི་རང་འབྱུང་གནོད་འཚེར་རོགས་རམ་གྱི་མ་དངུལ་རང་ཉིད་ཀྱི་དངུལ་འཛིན་ནང་བླུགས་དགོས་པའི་འབོད་སྐུལ་གྱི་གསལ་བསྒྲགས་འཛུན་མ་སྤེལ་བ་མ་ཟད། ད་དུང་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱའི་ཐོག་གནོད་འཚེ་བཏང་སྟེ་དཔལ་འབྱོར་གྱི་ཞལ་འདེབས་བསྡུ་ལེན་བྱེད་པའི་ཚོུད་༢༧རིང་ལ་རྒྱ་གྲམ་དམར་པོའི་འཕྲིན་གཏོང་དྲ་རྒྱ་ལྟ་མི་ཐུབ་པ་བཟོས་ཡོད་པའི་བྱས་ཉེས་བསགས་པའི་རྒྱུ་མཚན་བཀོད་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དཔོན་རིགས་ནས་དབྱང་ལི་ཐའོ་ཡིས་རང་ཉིད་ཀྱི་དངུལ་འཛིན་ནང་དཔལ་འབྱོར་གྱི་ཞལ་འདེབས་གང་ཡང་སྤྲོད་མཁན་མ་བྱུང་བའི་གོང་དེར་འཛིན་བཟུང་བྱེད་ཐུབ་པ་བྱུང་བའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎