རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒྱུད་སྟོད་གྲྭ་ཚང་ལ་སླེབས་པ།
2013.02.09

༄༅༎བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་དོན། ༢༠༡༣ ཕྱི་ཟླ་ ༢ ཚེས་༥ ཞོགས་པ་ལྷ་ས་ར་མོ་ཆེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནང་ལ་རང་སྐྱོང་ལྗོངས་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་། ལྕགས་རག་བློ་བཟང་བསྟན་འཛིན་བཅས་འགོ་ཁྲིད་མང་དག་ཅིག་རྒྱུད་སྟོད་གྲྭ་ཚང་ནང་དུ་འཚམས་འདྲི་ལ་ཁ་གཡར་ནས་ཕེབས་ཡོད་པ་དང༌། ཕེབས་དོན་གཙོ་བོ་ནི་ལོ་གསར་ལ་གྲ་སྒྲིག་ཡག་པོ་བྱེད་དགོས། སྒོ་དང་སྒེ་ཁུང་སོགས་ལ་གཤམ་བུ་གསར་པར་རྒྱན་དགོས་དགོན་པ་གཞུང་དང་། མ་ཚད་གྲྭ་ཤག་སོ་སོའི་སྒོ་དང་སྒེ་ཁུང་སོགས་ལ་རྒྱན་དགོས་མ་རྒྱན་ན་ཆབ་སྲིད་ ཀྱི་ཉེས་པ་ཕོག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
༢༠༠༨ ལོ་ནས་ད་བར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལོ་གསར་རྒྱས་སྤྲོ་མ་བཏང་བར་བརྟེན། ད་ལོ་དྲག་ཅན་དམག་མི་དང་ཉེན་རྟོག་པ། མེ་གསོ་རུ་ཁག ལས་དོན་རུ་ཁག་བཅས་མི་སྣ་མང་པོ་ཞིག་ཡོང་སྟེ་བཙན་དབང་གིས་སྒོ་དང་སྒེ་ཁུང་སོགས་ལ་གཤམ་བུ་རྒྱན་བཅུག་པ་དང་དཀར་རྩི་སོགས་གཏོང་བཅུག་ཡོད་འདུག།