གསེར་རྟ་ཆོས་སྒར་དུ་ལས་བྱེད་མི་སྣ་བརྒྱ་ཕྲག་ཁ་ཤས་འབྱོར་འདུག


2016.10.05
གསེར་རྟ་བླ་རུང་ཆོས་སྒར། ༢༠༡༦།༧ གསེར་རྟ་བླ་རུང་ཆོས་སྒར། ༢༠༡༦།༧
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་དུ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་བརྒྱ་ཕྲག་ཁ་ཤས་ཡོང་ནས་དགེ་འདུན་པ་དང་བཙུན་མ་རེ་རེ་བཞིན་འདྲི་རྩད་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་བརྒྱ་ཕྲག་མང་པོ་གཏོར་བཤིག་དང་གྲྭ་བཙུན་མང་པོ་མི་འདོད་བཙན་གྱིས་ཕྱིར་ཕུད་བྱེད་བཞིན་པ་དང་མཉམ། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་བོད་ཁུལ་གྱི་ས་གནས་འདྲ་མིན་གྱི་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་༣༠༠་ཙམ་གསེར་རྟ་བླ་རུང་ཆོས་སྒར་དུ་ཡོང་ནས། དགེ་འདུན་པ་དང་བཙུན་མ་རེ་རེའི་གྲྭ་ཤག་ལ་བཅར་ནས་ངོ་ཐུག་གིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད་པ་རེད།
གནས་ཚུལ་ལྟར་ན། རྒྱ་ནག་གི་ལས་བྱེད་དེ་དག་གིས་གཙོ་བོ་གྲྭ་བཙུན་རེ་རེ་བཞིན་ངོ་ཐུག་གིས། སློབ་གསོ་དང་མཉམ་ཁོང་ཚོའི་མིང་དང་། ལོ་རྒྱུས། ཕ་ཡུལ། དགོན་སྡེ་སོགས་འདྲི་ཞིབ་བྱས་ནས་ཐོ་འགོད་བྱེད་བཞིན་པ་རེད་འདུག་ལ་དེར་བརྟེན་དགོན་པའི་མཁན་པོ་ལས་སྣེ་ཚོས་སྐབས་རེར་གྲྭ་བཙུན་ཚོས་ཞི་འཇམ་དང་རྣམ་འགྱུར་ཡག་པོ་སྟོན་རྒྱུའི་འབོད་སྐུལ་གནང་ཡོད་འདུག།
གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་སྤྱི་ཟླ་༧་པའི་ཚེས་༢༠་ནས་ད་བར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༦༠༠་ཙམ་གཏོར་ཚར་བའི་མ་ཚད། མུ་མཐུད་ནས་གཏོར་བཞིན་པ་དང་མཉམ་བོད་རང་སྐྱོང་ལྗོངས་དང་། ཞིང་ཆེན་གཞན་པའི་གཙོས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་མང་པོ་ཕྱིར་ཕུད་བྱེད་བཞིན་པ་དང་། སྤྱི་ཟླ་༩་བའི་ཚེས་༢༩་ཉིན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་དུ་སློབ་གཉེར་གནང་བཞིན་པའི་བོད་རང་སྐྱོང་ལྗོངས་ཁོངས་ནས་ཡིན་པའི་དགེ་འདུན་པ་དང་བཙུན་མ་༡༠༠་ལྷག་བཙན་གྱིས་ཕྱིར་ཕུད་བཏང་ཡོད་འདུག
དེ་བཞིན་མུ་མཐུད་ནས་གྲྭ་བཙུན་སྟོང་ཕྲག་བརྒལ་བ་ཕྱིར་འབུད་དགོས་བ་དང་། དེ་ལ་དུས་བཀག་ནང་ཚུད་རང་འགུལ་ཐོ་འགོད་དང་ཡང་ན་ཕྱིར་འབུད་མ་བྱས་ཚེ་ཞིང་ཆེན་དང་ཁུལ། རྫོང་སོ་སོའི་ལས་བྱེད་མི་སྣ་ཡོང་ནས་བཙན་གྱིས་སོ་སོའི་ཕ་ཡུལ་ལ་ཁྲིད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བཀའ་བཏང་ཡོད་པ་གསལ་བསྒྲགས་བྱས་འདུག
རྒྱ་ནག་གི་འཆར་གཞི་ཡིག་ཆ་ལྟར་ན། སྤྱི་ལོ་༢༠༡༧་ཟླ་༩་ཚེས་༣༠་ནང་ཚུད་ལ་གསེར་རྟ་བླ་རུང་ཆོས་སྒར་གྱི་ཕྱིར་ཕུད་པའི་མི་གྲངས་དང་ཁང་པ་བཤིག་གྲངས་མཐུན་དགོས་པའི་ཐོག གསེར་རྟ་བླ་རུང་ཆོས་སྒར་དུ་བསྡོམས་མི་གྲངས་༥༠༠༠་ལ་ཚོད་འཛིན་བྱེད་རྒྱུ་ཡིན་པ་དང་། འདི་ལོར་ཕྱིར་འབུད་བྱ་རྒྱུའི་གྲྭ་པ་དང་བཙུན་མའི་མིང་ཐོ་རྣམས། གོང་རིམ་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ། ཕྱི་ཟླ་༡༠ཚེས་༣༠སྔོན་ལ་ཕྱིར་བུད་བཏང་ཚར་དགོས་པ་དང་། དགོན་པར་གཏན་སྡོད་མི་གྲངས་༥༠༠༠་ཡི་ཁྲོད་ཞིང་ཆེན་གཞན་གྱི་གྲྭ་བཙུན་༡༠༠༠་ལས་བརྒལ་མི་ཆོག་པ་སོགས་འཆར་གཞི་མང་པོ་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་ཐད་ཕྱིའི་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎