རྒྱ་ནག་གི་ཆུ་རྐྱལ་འགྲན་ཞུགས་པས་སྨན་རྫས་བེད་སྤྱོད་བྱས་འདུག


2016.08.12
རྒྱ་ནག་གི་བེུད་ཆུ་རྐྱལ་བ་Chen Xinyi ༢༠༡༦།༨།༧ རྒྱ་ནག་གི་བེུད་ཆུ་རྐྱལ་བ་Chen Xinyi ༢༠༡༦།༨།༧
Xinhua

རྒྱལ་སྤྱིའི་ཨོ་ལོམ་པིག་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་གི་ཆུ་རྐྱལ་འགྲན་ཞུགས་པས་སྨན་རྫས་བེད་སྤྱོད་བྱས་བ་ར་སྤྲོད་བྱུང་འདུག
རྒྱལ་སྤྱིའི་ཨོ་ལོམ་པིག་ལུས་རྩལ་ཚོགས་ཆུང་གིས་Brazil་ནང་ཚོགས་བཞིན་པའི་ལུས་རྩལ་འགྲན་ཚོགས་སྐབས། ལུས་རྩལ་བ་རྣམས་ཀྱིས་ཁྲིམས་འགལ་གྱི་སྟོབས་སྐྱེད་སྨན་ལ་སོགས་པའི་སྨན་རྫས་རིགས་བེད་སྤྱོད་བྱེད་མིན་གྱི་ཚོད་ལྟའི་ཞིབ་འཇུག་ནང་། རྒྱ་ནག་གི་བུད་མེད་ཆུ་རྐྱལ་འགྲན་བསྡུར་བ་ཞིག་གིས་ཁྲིམས་འགལ་གྱི་སྟོབས་སྐྱེད་སྨན་བེད་སྤྱོད་བྱས་པ་ར་སྤྲོད་བྱུང་འདུག
རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་སྐབས། རྒྱང་ཚད་མི་ཀྲར་༡༠༠་ཡིས་བེུད་ཆུ་རྐྱལ་འགྲན་བསྡུར་ནང་། ལོ་ན་༡༨་བྱས་པའི་རྒྱ་ནག་གི་བེུད་ཆུ་རྐྱལ་བ་Chen Xinyi ཞེས་བ་ཨང་བཞི་པར་སླེབས་ཡོད་པ་རེད། ད་ལྟ་གནས་ཚུལ་ལྟར་ན། ཆུ་རྐྱལ་འགྲན་བསྡུར་གྲུབ་རྗེས་སུ། རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་གི་ཞིབ་འཇུག་སྡེ་ཚན་ནས། འགྲན་རྩོད་པ་རྣམས་ནས་ཆོག་མཆན་མེད་པའི་སྟོབས་སྐྱེད་སྨན་རིགས་བེད་སྤྱོད་བྱས་མིན་གྱི་ཚོད་ལྟའི་ཞིབ་འཇུག་བྱས་པར། རྒྱ་ནག་གི་བེུད་ཆུ་རྐྱལ་བ་Chen Xinyi་ནས་Diuretic་ཞེས་པའི་ཁྲིམས་འགལ་གྱི་སྨན་རྫས་བེད་སྤྱོད་བྱས་པ་ར་སྤྲོད་བྱུང་འདུག
ཤིན་ཧྭ་གསར་ལས་ཁང་གིས་བརྗོད་ན། བེུད་Chen Xinyi་ནས་རྒྱལ་སྤྱིའི་ཨོ་ལོམ་པིག་ཚོགས་ཆུང་ལ་ཁོ་མོའི་ལུས་ནས་ཐོན་པའི་སྨན་རྫས་དེར་ཞིབ་འཇུག་གི་ཚོད་ལྟ་ཐེངས་གཉིེས་པ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
རྒྱ་ནག་གི་ཆུ་རྐྱལ་མཐུན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། འགྲན་ཞུགས་པ་ཚོས་བཀའ་ཁྲོལ་མེད་པའི་སྨན་རྫས་བེད་སྤྱོད་རིགས་ལ་མཐུན་ཚོགས་ཀྱི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལུགས་དང་། བེུད་ཆུ་རྐྱལ་བ་Chen Xinyi་ཡིས་སྨན་རྫས་བེད་སྤྱོད་བྱས་པའི་གནད་དོན་འདིའི་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་སྐོར་གསལ་འདོན་བྱས་འདུག
སྔོན་འཆར་ལྟར་ན། རྒྱ་རིགས་བེུད་ཆུ་སྐྱལ་བ་Chen Xinyi་ཞེས་པ་འདི་ཚེས་༡༢་རེས་གཟའ་པ་སངས་ཉིན། རྒྱང་ཚད་མི་ཀྲར་༥༠་བྱས་པའི་ཆུ་རྐྱལ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཡང་ ད་ཆ་སྨན་རྫས་བེད་སྤྱོད་བྱས་པའི་གནད་དོན་རྐྱེན་པས་འགྲན་བསྡུར་ནང་མཉམ་བཞུགས་བཀག་འགོག་བྱ་སྲིད་པའི་གནས་སྟངས་སུ་ལུས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎