ཉི་ཧོང་དུ་རྒྱ་བོད་མཛའ་འབྲེལ་ཚོགས་པ་གསར་བཙུགས།

བོད་དང་རྒྱ་ནག་ནང་དུ་ཞི་བདེ་དང་བརྟན་ལྷིང་སྐྲུན་ཐབས་སུ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞིག་ཉི་ཧོང་དུ་གསར་འཛུགས་གནང་ཡོད་པ་རེད།

2009.02.17

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་བོད་མི་རིགས་བར་ལ་འཆམ་མཐུན་གྱི་འབྲེལ་ལམ་བྱེད་དགོས་པའི་བཀའ་སློབ་རིམ་པ་ཕེབས་པ་བཞིན་ཉི་ཧོང་དུ་གནས་སྡོད་བྱེད་མཁན་རྒྱ་བོད་མི་རིགས་གཉིས་བར་ལ་གནས་ཚུལ་གོ་རྟོགས་ཆེ་རུ་གཏོང་ཐབས་དང་ལྷག་པར་དུ་བོད་དང་རྒྱ་ནག་ནང་དུ་ཞི་བདེ་དང་བརྟན་ལྷིང་སྐྲུན་ཐབས་སུ་རྒྱ་བོད་མཛའ་འབྲེལ་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་རིགས་ཀྱི་ཁྲོད་དུ་འབྲེལ་ལམ་བཙུགས་ཏེ་བོད་ཀྱི་གནད་དོན་གསལ་རྟོགས་ཐུབ་ཐབས་དང་གོང་འཕེལ་གཏོང་ཐབས་གལ་འགངས་ཆེན་པོ་ཡིན་པའི་རླབས་ཆེན་གྱི་དགོངས་གཞི་དེ་ཡིས་རྒྱ་མི་རིགས་ནང་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་གོ་དོན་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་སློབ་ཇི་ལྟར་གནང་བ་བཞིན་ན་ནིང་ཕྱི་ཟླ་བདུན་པའི་ཚེས་བདུན་ཉིན་ཨོ་སོ་ཀྲོ་ལི་ཡའི་ནང་གནས་སྡོད་བོད་མི་དང་རྒྱ་མི་རིགས་བར་འཆམ་མཐུན་གྱི་མཐུན་ཚོགས་ཞེས་པ་ཐོག་མར་གསར་འཛུགས་གནང་བ་དང་དེ་རྗེས་ཟླ་བ་འདིའི་ཕྱི་ཚེས་བཅུ་བཞི་རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་རྒྱ་བོད་མི་རིགས་གཉིས་བར་མཛའ་འབྲེལ་མཐུན་ཚོགས་ཞེས་པ་གསར་འཛུགས་གནང་སྟེ་མཐུན་ཚོགས་འགོ་འབྱེད་ཀྱི་མཛད་སྒོའི་ཐོག་རྒྱལ་ས་ཀྲོག་ཡོ་ནང་གནས་སྡོད་བོད་མི་དང་རྒྱ་མི་རིགས་བརྒྱ་ ཙམ་མཉམ་ཞུགས་བྱས་ཡོད་པ་རེད། སྐབས་དེར་འདུ་འཛོམས་ཐོག་རྒྱལ་ས་ཀྲོག་ཡོ་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ཀྱིས་མཛད་སྒོའི་དབུ་འབྱེད་གསུང་བཤད་གནང་སྟེ་རྒྱ་བོད་མཐུན་ཚོགས་ཞེས་པ་དངོས་སུ་བཙུགས་ཐུབ་པ་དེར་དགའ་སྤྲོ་བྱུང་བ་དང་མཐུན་ཚོགས་དེས་ང་ཚོ་རྒྱ་བོད་རིགས་གཉིས་དགྲ་ཁ་གཏད་མ་ཡིན་པར་ང་ཚོ་ཕན་ཚུན་གུས་བརྩི་ལྡན་པ་དང་ཞི་བདེའི་ཐོག་ནས་མཉམ་གནས་བྱ་ཐུབ་རྒྱུ་ཡིན་པ་འཛམ་གླིང་མི་དམངས་ལ་ར་སྤྲོད་བྱེད་ཐུབ་པ་ཞིག་ཡིན་པ་གསུང་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་ཉི་ཧོང་དང་ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་ཚོག་སྒོག་ལྷག་པ་ལགས་ཀྱིས་མཐུན་ཚོགས་གསར་འཛུགས་ཐུབ་པར་དགའ་བསུ་ཞུས་གནང་བ་དང་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པའི་ཕྱག་ལས་ཞིག་ཡིན་པའི་སྔགས་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎