རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་སྐོར།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་རིམ་བཞིན་འཛམ་གླིང་གི་ཆབ་སྲིད་སྡིངས་ཆའི་སྟེང་གོམ་པ་རིམ་སྤོས་བྱེད་བཞིན་ཡོད་པ་རེད་

2008.08.13

༄༅༎རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་རིམ་བཞིན་འཛམ་གླིང་གི་ཆབ་སྲིད་སྡིངས་ཆའི་སྟེང་གོམ་པ་རིམ་སྤོས་བྱེད་བཞིན་ཡོད་པ་རེད་

ད་རེས་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་ཡིས་ཨ་རིའི་སྲིད་འཛིན་སྦུའུ་ཤེ་མཆོག་དང་དེ་བཞིན་ཕྱི་རྒྱལ་གྱི་དཔོན་རིགས་མང་པོ་ཞིག་དང་ཐུག་འཕྲད་གནང་ཡོད་པ་རེད་ ཡིན་ནའང་ཤིའི་ཅིན་ཕིང་ སྲིད་འཛིན་ཧུའུ་ཅིང་ཐའོ་ལས་ལྷག་པའི་མངོན་གསལ་འདོད་པོ་གནང་གི་མེད་པ་རེད་ འདི་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནས་སྲིད་འཛིན་ཧུའུ་ཅིང་ཐའོ་མུ་མཐུད་རྒྱ་ནག་གི་སྲིད་འཛིན་དུ་འོས་འདེམས་བྱས་པ་དང་མི་རབས་རྗེས་མའི་འགོ་ཁྲིད་ཤིའི་ཅིན་ཕིང་ལོ་ལྔའི་རིང་སྲིད་འཛིན་གཞོན་པར་འོས་འདེམས་བྱས་ཡོད་པ་རེད་ ད་རེས་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་དེའི་ཐོག་སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་ཡིས་འགན་འཁུར་གཙོ་ལེན་བྱས་ཡོད་ཀྱང་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་དོན་གྱི་བརྒྱུད་རིམ་ཐོག་ནས་ཤིའི་ཡིས་སྤོབས་སྟོབས་ཆེན་པོའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འདོན་ཐུབ་ཀྱི་མེད་པ་རེད་ སྲིད་འཛིན་གཞོན་པ་ཤིའི་ཅིན་ཕིང་ཡིས་གཞུང་འབྲེལ་གྱི་བལྟ་སྐོར་ཐོག་མར་དེ་འདི་ལོ་ཕྱི་ཟླ་དྲུག་པའི་ནང་བྱང་ཀོ་རི་ཡའི་ནང་བསྐྱོད་ཡོད་པ་དང་སྐབས་དེར་ཤིའི་ཡིས་དམར་ཤོག་ཚོགས་པའི་བལྟ་བ་ཤུགས་ཆེན་པོའི་སྒོ་ནས་གཏམ་བཤད་རིམ་པ་སྤེལ་ཡོད་པ་རེད་ ཐེངས་འདིའི་པེ་ཅིང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་སྐབས་ ཤིའི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་མཉམ་དུ་ཨ་རིའི་སྲིད་འཛིན་སྦུའུ་ཤེ་མཆོག་དང་བྱང་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་ ཀིམ་ཡོང་ནམ་ གཉིས་ཁག་སོ་སོར་ཐུག་འཕྲད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎