རྒྱ་གཞུང་ནས་ཧོང་ཀོང་གི་ལས་འགུལ་བར་ཉེས་ཆད།

ཟླ་བ་འདིའི་ནང་ཧོང་ཀོང་དུ་གཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་མི་རིགས་མང་གཙོ་དོན་གཉེར་བ་གཉིས་ལ་རྒྱ་ནག་གཞུང་གིས་ངལ་རྕོལ་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་ཡོད་པ་རེད།

2012.07.26

༄༅།    ། ཧོང་ཀོང་གི་ཁྲིམས་ལུགས་ནང་དུ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་སྲུང་སྐྱོབ་ཀྱི་གནད་དོན་འཁོད་ཡོད་ནའང་ རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་མང་གཙོའི་ལས་འགུལ་སྤེལ་བའི་ཐོག་མཉམ་ཞུགས་བྱེད་མཁན་མང་གཙོ་དོན་གཉེར་ཅན་ཐོག་ཉེས་ཆད་བཏང་ཡོད་པ་རེད།
དེ་རིང་རེས་གཟའ་ཕུར་བུའི་ཉིན་ལྷོ་རྒྱ་ནག་གི་ཕོ་ཉ་ཞེས་པའི་གསར་ཤོག་ཐོག་ ཧོང་ཀོང་ནང་དུ་ཡོད་པའི་མི་དམངས་ཀྱི་ཐོབ་ཐང་མཉམ་སྦྲེལ་ཚོགས་པས་གསུང་པ་ལུང་འདྲེན་གནང་སྐབས།    ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་༡ ཉིན་དེ་སྔ་ཧོང་ཀོང་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་༡༥ འཁོར་བའི་ལོ་འཁོར་ཉིན་མོ་དང༌། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་Hu Jintao ཧོང་ཀོང་དུ་ཡོང་སྟེ་ཧོང་ཀོང་གི་སྤྱི་ཁྱབ་པ་གསར་པའི་དམ་བཅའ་ལེན་པའི་མཛད་སྒོ་ཚོགས་པའི་དུས་ཚོད་གཉིས་འཁེལ་བར་མི་དམངས་འབུམ་བཞི་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་རེད། དེ་རྗེས་རྒྱ་ནག་གཞུང་གིས། ལོ་༤༤ ཡིན་པའི་Song Ningsheng དང་ལོ་༥༣ ཡིན་པའི་Zeng Jiuzi མང་གཙོ་དོན་གཉེར་བ་གཉིས་ལ་ཉེན་རྟོག་པས་ཁྲིམས་བཤེར་བྱས་ཏེ། ལོ་གཅིག་དང་ཟླ་བ་གཉིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་ཆད་བཏང་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎