བོད་ཀྱི་གནད་དོན་ཐོག་གུ་ཡངས་གི་རྣམ་པ་མི་འདུག

རྒྱ་ནག་གི་འགོ་ཁྲིད་གསར་པ་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་གུ་ཡང་གི་སྲིད་བྱུས་ལག་ལེན་བསྟར་རྒྱུའི་རྣམ་པ་ཐོན་གྱི་མེད་ཨ་རིའི་བདུན་རེ་གསར་ཤོག་གིས་གནས་ཚུལ་སྤེལ་འདུག

2013.01.22
བོད་ནང་བོད་གཞས་བཀག་འགོག་དང་འཛིན་བཟུང༌། རྒྱ་ནག་དམག་མིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དམ་བསྒྲགས་བྱེད་བཞིན་པ།
འོད་ཟེར།

དེ་ཡང་ཨ་མི་རི་ཀའི་བདུན་རེའི་གསར་ཤོག Examiner གྱི་གསར་འགོད་པ་ Harold Mandel གྱིས་གནས་ཚུལ་སྤེལ་བའི་ནང་། བོད་མི་རྣམས་ཀྱིས་མུ་མཐུད་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་ཐུགས་སྣང་འགུག་ཐབས་འབད་བརྩོན་ཤུགས་ཆེ་གནང་ཡོད་ཀྱང་། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་མེར་བསྲེག་བཏང་མཁན་རྣམས་ཀྱི་གྲོགས་པོ་དང་། གཞན་འབྲེལ་བ་ཡོད་པའི་མི་སྣ་རྣམས་འཛིན་བཟུང་དམ་དྲག་དང་། ཕྱི་རྒྱལ་ནས་རྒྱང་བསྲིངས་བྱས་པའི་རླུང་འཕྲིན་དང་། བརྙན་འཕྲིན་བཀག་འགོག་ཆེད་འཁོར་སྐར་འཕྲུལ་ཆས་བཙན་འཕྲོག་བྱས་པ་སོགས་ཀྱི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་གུ་ཡངས་དུ་གཏོང་རྒྱུའི་གྲ་སྒྲིག་མེད་པ་འཁོད་འདུག ད་དུང་རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་ནས་བོད་ནང་མེ་བསྲེག་གི་དོན་རྐྱེན་དེ་ཚོ་ཕྱི་ཕྱོགས་ནས་རྒྱ་ནག་ལ་མ་དགའ་མཁན་ ཁ་བྲལ་ཤོག་ཁག་གིས་བརྒྱུད་སྐུལ་བྱས་པའི་སྐོར་ཕྱིར་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎