ཆོས་དབྱིངས་སྐྱིད་ལ་དངུལ་གྱི་རྟགས་མ་རིམ་གཟབ་བྱས་བ།


2016.04.07
ལོན་ཊོན་རྒྱལ་སྤྱིའི་ཨོ་རྩལ་Olympics་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཀྱི་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད། ༢༠༡༢ ལོན་ཊོན་རྒྱལ་སྤྱིའི་ཨོ་རྩལ་Olympics་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཀྱི་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད། ༢༠༡༢
XINHUA

དེ་ཡང་ཉིན་ཤས་གོང་རྒྱ་ནག་གི་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ཟེར་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་དབྱིན་ཡུལ་གྱི་ལོན་ཊོན་རྒྱལ་སྤྱིའི་ཨོ་རྩལ་Olympics་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཨང་གསུམ་པ་ཐོབ་པ་དེ་ད་ཆ་ཨང་གཉིས་བར་རིམ་གསབ་ཀྱིས་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
དེ་ནི་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཕྱི་ལོ་༢༠༡༢་ལོར་དབྱིན་ཡུལ་གྱི་ལོན་ཊོན་དུ་ཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས་༣༠་པའི་སྤྱི་ལེ་་༢༠་ཅན་གྱི་བེུད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་དང་། ཨོ་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ལེན་མཁན་གྱི་བོད་རིགས་ཐོག་མ་དེ་ཆགས་ཡོད་པ་རེད།
ཡིན་ན་ཡང་། ཉེ་སྔོན་རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་ཁང་གིས། སྐབས་དེའི་ཨུ་རུ་སུའི་ལུས་རྩལ་པ་འགའ་ལུས་རྩལ་འགྲན་བསྡུར་གྱི་སྒྲིག་ཁྲིམས་དང་འགལ་ཏེ་ཁྲིམས་ཆད་ཕོག་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་༢༠༡༢་ལོར་ཆོས་དབྱིངས་སྐྱིད་དང་མཉམ་དུ་དངུལ་གྱི་གཟེངསརྟགས་ལེན་མཁན་ཨུ་རུ་སུའི་ལུས་རྩལ་བ་ཁཱ་ནེའུ་ཧྲིན་ཅིན་ནཱ་ཡིས། འགྲན་བསྡུར་སྐབས་ལུས་ངལ་གསོ་བའི་སྨན་བཏུང་ཡོད་པ་ར་འཕྲོད་བྱུང་སྟེ་དངུལ་གྱི་རྟགས་མ་ཕྱིར་བསྡུས་ཡོད་སྟབས། བོད་ཀྱི་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཨང་གཉིས་པར་རིམ་གསབ་བྱས་ནས་དངུལ་གྱི་རྟགས་མ་དང་། ལུས་རྩལ་བ་ལིའུ་ཧོང་ཨང་རིམ་གསུམ་པར་གསབ་སྟེ་ཟངས་ཀྱི་རྟགས་མ་ཐོབ་ཡོད་འདུག
ཆོས་དབྱིངས་སྐྱིད་ལགས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་བོད་ཁུལ་གྱི་ན་གཞོན་མང་པོར་ལུས་རྩལ་ཐད་རྨི་ལམ་གསར་པ་ཞིག་བསྐྲུན་ཡོད་པ་ལྟར། ཕྱི་ལོ་༢༠༡༣་ལོའི་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག མཚོ་བྱང་ཁུལ་མདའ་བཞི་རྫོང་ནས་ཡིན་པའི་བོད་རིགས་ལུས་རྩལ་བ་མཚོ་མོ་སྐྱིད་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། གཞན་ཡང་། ཕྱི་ལོ་༢༠༡༥་ལོར་ཁོ་ཊར(Qatar)གྱི་རྒྱལ་ས་ཌོ་ཧཱ་རུ་ཚོགས་པའི་ཨེ་ཤ་ཡའི་ན་གཞོན་མཆོང་རྒྱུག་འགྲན་ཚོགས་ཐོག རྨིད་ ༥༠༠༠ ཅན་གྱི་བེུད་རྒྱུག་འགྲན་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ཡིན་པའི་བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ལགས་ལ་ཨང་གཉིས་པའི་རྒྱལ་ཁ་ཐོབ་ཡོད་པ་རེད།    
དེ་བཞིན་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་འདི་ལོའི་ཕྱི་ཟླ་༣་ཚེས་༦་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ཏེ། ཨན་ཧེ་ཞིང་ཆེན་དུ་སྤེལ་བའི་༢༠༡༦་ལོའི་རྒྱལ་ཡོངས་འདུར་རྒྱུག་བྱ་དགའ་ཆེན་མོའི་འགྲན་བསྡུར་དང་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་ནང་ཞུགས་ཡོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎