གསང་བའི་ལས་ཁུངས་ཀྱི་འགན་འཛིན་པ་ཀི་སི་ཏན་དུ་ཕེབས་པ།

ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་པ་ཀི་སི་ཏན་གྱི་སྲིད་བློན་དང་གསང་བའི་ལྷན་ཁང་གི་འགོ་ཁྲིད་ལྷན་དུ་བཀའ་བསྡུར་གནང་བ།

2009.03.21

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མའི་སྲིད་གཞུང་ཁོངས་ཀྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ལིའོན་པ་ནེ་ཊ་ཡིས་གཙོ་བོ་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་ལ་ཁ་ཆེའི་དྲག་འཐབ་སྒྲིག་འཛུགས་ཁག་ལ་དམག་འཐབ་རྩོམ་རྒྱུའི་ཐབས་བྱུས་ཐད་གཞི་རྒྱ་གཏིང་ཟབ་ཅན་གྱི་ཞིབ་འཇུག་གནང་རྒྱུའི་དོན་དུ་པ་ཀི་སི་ཏན་གྱི་སྲིད་བློན་དང་གསང་བའི་ལྷན་ཁང་གི་ཆེས་མཐོའི་འགོ་ཁྲིད་ལྷན་དུ་བཀའ་བསྡུར་གནང་ཡོད་པ་རེད། ཁོང་གིས་དེ་རིང་པ་ཀི་སི་ཏན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་མཆོག་དང་སྲིད་བློན་ཡུ་སུཕ་ར་ཛ་ཇི་ལ་ནི་རྣམ་གཉིས་ལྷན་དུ་བཀའ་མོལ་གནང་བ་དང་པ་ཀི་སི་ཏན་གྱི་སྲིད་འཛིན་དང་སྲིད་བློན་ལྷན་དུ་བཀའ་མོལ་མ་གནང་སྔོན་ལ་ཁོང་གིས་པ་ཀི་སི་ཏན་གྱི་ཆབ་སྲིད་ནང་ཆེས་ནུས་ཤུགས་ཆེ་བའི་པ་ཀི་སི་ཏན་གྱི་གསང་བའི་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཨེ་མརྡ་ཤུ་ཇ་པ་ཤ་མཇལ་འཕྲད་གནང་ཡོད་པ་རེད།

མིང་འདོན་གནང་འདོད་མེད་པའི་པ་ཀི་སི་ཏན་གྱི་གཞུང་འབྲེལ་ལས་བྱེད་མཐོ་གྲས་ཤིག་གིས་བརྗོད་དོན་ལྟར་ན་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལིའོན་པ་ནེ་ཊ་ཡིས་པ་ཀི་སི་ཏན་དུ་ཕེབས་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ཊ་ལི་སྦན་དང་ཨེལ་ཁེ་ཌ་སོགས་ཁ་ཆེའི་དྲག་འཐབ་སྒྲིག་འཛུགས་ཁག་ལ་དམག་འཐབ་བརྩམ་རྒྱུའི་ཐད་པ་ཀི་སི་ཏན་གྱི་སྲིད་གཞུང་གིས་ལས་དོན་ག་རེ་འགྲུབ་ཀྱི་ཡོད་མེད་ཐད་བལྟ་ཞིབ་ཟབ་ནན་གནང་རྒྱུ་དང་པ་ཀི་སི་ཏན་གྱི་ངོས་ནས་ཨ་མི་རི་ཀའི་སྲིད་གཞུང་གསར་པར་བལྟ་ཕྱོགས་བལྟ་སྟངས་ཇི་འདྲ་འཛིན་གྱི་ཡོད་མེད་ཉམས་ཞིབ་གནང་རྒྱུ་ཡིན་པ་རེད། ཡིན་ནའང་པ་ཀི་སི་ཏན་གྱི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་གིས་གནས་ཚུལ་འདིའི་སྐོར་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎