རྒྱ་གར་གྱི་སྨན་གྱི་བཟོ་གྲྭས་ཕག་ནད་བཅོས་ཐབས་ཀྱི་སྨན་སྐོར།

རྒྱ་གར་གྱི་སྨན་གྱི་བཟོ་གྲྭ་ཆེ་ཤོས་སིཔ་ལཱ་ཟེར་བས་ཕག་པའི་ཆམ་ནད་ཀྱི་ནད་འབུར་བཅོས་ཐབས་ཀྱི་སྨན་གྱི་ངོ་བཤུས་བཟོ་བསྐྲུན་བྱས་ཡོད་འདུག

2009.04.28

༄༅༎རྒྱ་གར་གྱི་སྨན་གྱི་བཟོ་གྲྭ་ཆེ་ཤོས་སིཔ་ལ་ཟེར་བས་ཆམ་ནད་རིགས་དང་དེང་སྐབས་གསར་དུ་ཐོན་པའི་ཕག་པའི་ཆམ་ནད་ཀྱི་ནད་འབུར་བཅོས་ཐབས་ཀྱི་ཆེད་དུ་ཀྲེ་མི་ཕུ་ལུ་ཞེས་པའི་སྨན་གྱི་ངོ་བཤུས་ཡིན་པ་ས་ཡ་གཅིག་ལྷག་ཙམ་ཞིག་བདུན་ཕྲག་བཞི་ནས་དྲུག་བར་བཟོ་བསྐྲུན་བྱས་ཐོག་རིལ་བུའི་གཟུགས་སུ་ཁྲོམ་རའི་ནང་ཉོ་འཚོང་བྱ་ཐུབ་ཀྱི་ཡོད་ཅེས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་རྟེན་གཞི་བྱས་པའི་སིཔ་ལཱ་ཟེར་བའི་སྨན་གྱི་བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན་ཨ་མར་ལུ་ལ་ཞུ་བས་ཨེ་ཨེཕ་པི་གསར་སྤེལ་ལས་ཁང་ལ་བརྗོད་ཡོད་པ་རེད། ཁོང་གིས་གསུང་དོན་ལྟར་ན་མེཀ་སི་ཀོ་དང་ནིའུ་ཛི་ལེནདྲ།ཨིསི་རེལ་སོགས་ནས་རྒྱ་གར་གྱིས་ཆམ་ནད་ཀྱི་སྨན་ཀྲེ་མི་ཕུ་ལུ་ཟེར་བ་དེ་འཚོང་འགྲེམས་ཐུབ་ཀྱི་ཡོད་མེད་འདྲི་རྩད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་དང་རྒྱ་གར་གཞུང་གི་ཕྱོགས་ནས་སྨན་གྱི་བཟོ་གྲྭ་དེར་འབྲེལ་བ་གནང་མེད་པ་རེད། དབུས་ཨ་མི་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་མེཀ་སི་ཀོའི་ནང་ཉེ་ཆར་ཕག་པའི་ཆམ་ནད་ཐོན་པ་ནས་བཟུང་ད་བར་རྒྱལ་ཁབ་དེའི་ནང་མི་གྲངས་བརྒྱ་དང་ལྔ་ཅུ་ང་གཉིས་ལྷག་ཚེ་འདས་ཕྱིན་པ་དང་འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་གིས་ནད་ཡམས་དེའི་ཚད་གཞི་འཛམ་གླིང་ཡོངས་ཁྱབ་ཆགས་པའི་ཉེན་ཚད་མཐོ་རུ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎