རྒྱ་ནག་ཟི་ཁྲོན་དུ་ས་ཡོམ་གནོད་འཚེ་ཕོག་མིས་ངོ་རྒོལ་བྱས་པ།

རྒྱ་མིའི་ཉེན་རྟོག་པ་དང་ངོ་རྒོལ་བའི་དབར་དྲག་པོའི་འཐབ་འཁྲུག་བྱུང་སྟེ་ངོ་རྒོལ་བྱེད་མཁན་མི་ཞིག་དོ་དམ་བཀག་ཉར་འོག་འདས་གྲོངས་སུ་ཕྱིན་པ།

2009.02.20

༄༅༎ན་ནིང་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེའི་འོག་གོད་ཆགས་ཕོག་པའི་མི་དམངས་ཉིས་བརྒྱ་ལྷག་གིས་ཁོང་ཚོའི་ས་ཁུལ་ནང་འཛུགས་སྐྲུན་སླར་གསོའི་ཆེད་དུ་དམིགས་པའི་མ་དངུལ་རྣམས་ས་གནས་དཔོན་རིགས་ཀྱིས་བེད་སྤྱོད་ལོག་པ་གཏོང་གི་ཡོད་པའི་ངོ་རྒོལ་བྱས་པའི་རྗེས་ཉེན་རྟོག་པ་དང་དྲག་པོའི་འཐབ་འཁྲུག་བྱུང་སྟེ་ངོ་རྒོལ་བྱེད་མཁན་མི་ཞིག་དོ་དམ་བཀག་ཉར་འོག་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

དེ་རིང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ན་ནིང་ས་ཡོམ་གོད་ཆགས་ཚབས་ཆེ་ཤོས་བྱུང་ཡུལ་པའོ་ལིན་གྲོང་ཚོའི་ནང་རེས་གཟའ་ལྷག་པ་དང་ཕུར་བུ་ཉིན་གཉིས་རིང་ཉེན་རྟོག་པ་དང་ས་གནས་མི་དམངས་གོད་ཆགས་ཕོག་པའི་བར་འཐབ་འཁྲུག་བྱུང་བ་ཡིན་ཞིང་པའོ་ལིན་ས་གནས་གཞུང་གི་དཔོན་རིགས་ཤིག་གིས་ཀྱང་ཕེ་རན་སི་གསར་འགྱུར་ལས་ཁང་ལ་ཁ་པར་བརྒྱུད་དེ་མི་དམངས་དང་ཉེན་རྟོག་པའི་བར་དྲག་པོའི་འཐབ་འཁྲུག་ཀྱི་དོན་རྐྱེན་བྱུང་ཡོད་པ་དང་མི་གཅིག་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བདེན་པ་ཡིན་པ་ངོས་ལེན་བྱས་ཡོད་ཀྱང་མི་རྐྱེན་ལམ་དུ་ཕྱིན་པ་དེ་ནི་འཐབ་འཁྲུག་ཀྱི་དོན་རྐྱེན་དེ་དག་དང་འབྲེལ་བ་མེད་པའི་ནན་བརྗོད་བྱས་ཡོད་པ་རེད། གོང་གསལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་གསུང་ན་རྒྱ་ནག་གཞུང་གི་རོགས་རམ་མ་དངུལ་རྣམས་གོད་ཆགས་ཕོག་པའི་མི་དམངས་ཚོའི་སྡོད་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ་ཁོང་ཚོར་ཐོབ་དགོས་པ་ཡིན་ཡང་འབྲེལ་ཡོད་དཔོན་རིགས་ནས་ཁོང་ཚོར་རོགས་རམ་མ་སྤྲད་པར་འགྲོ་ལམ་བསྐྱར་གསོའི་ཐོག་འགྲོ་གྲོན་གཏོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་ས་གནས་གྲོང་གསེབ་མི་དམངས་རྣམས་རེས་གཟའ་ལྷག་པའི་ཉིན་པའོ་ལིང་ནང་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་ཉེན་རྟོག་པས་ངོ་རྒོལ་བ་ཁ་ཐོར་བཏང་བ་མ་ཟད་མི་གསུམ་འཛིན་བཟུང་བྱས་པ་དང་མི་དེ་གསུམ་ཉེན་རྟོག་ལས་ཁང་དུ་དོ་དམ་བཀག་ཉར་བྱས་པའི་སྐབས་གློ་བུར་དུ་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎