པ་ཀིསི་ཐན་གྱི་སྲིད་གཞུང་ལ་ངོ་རྒོལ།

པ་ཀིསི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་པོ་སྐྱར་དུ་བསྐོ་བཞག་གནང་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་འདུག

2009.03.13

༄༅༎པ་ཀིསི་ཐན་གྱི་གྲོང་ཁྱེར་ཁག་ནས་ཁྲིམས་རྩོད་པ་ཚོས་སྔར་ལོ་པ་ཀིསི་ཐན་གྱི་དྲག་པོའི་དབང་འཛིན་པ་མུ་ཤ་རཕ་གིས་ཕྱིར་འཕུད་བཏང་བའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་པོ་དེ་སྔ་འོས་བསྡུའི་སྔ་རོལ་གོ་གནས་ལ་སྐྱར་དུ་བསྐོ་གཞག་གནང་རྒྱུར་ཁས་ལེན་བྱས་པ་ལྟར་བསྐོ་གཞག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བཙུགས་ཏེ་ཁྲིམས་རྩོད་པ་ཚོས་གྲོང་ཁྱེར་ཁག་ནས་འགྲུལ་བསྐྱོད་ཀྱིས་མཐར་ཉིན་བཞིའི་ནང་པ་ཀིསི་ཐན་གྱི་རྒྱལ་ས་ཨིསི་ལ་མ་སྦའརྡ་གི་ནང་འདུ་འཛོམས་ཀྱིས་པཀིསི་ཐན་གྱི་གྲོས་ཚོགས་མདུན་ངོ་རྒོལ་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

རྙིག་གཞི་དེ་ནི་གཙོ་བོ་ད་རེས་པཀིསི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་པ་ཀིསི་ཐན་གྱི་སྲིད་བློན་ཟུར་པ་དང་ཕྱོགས་འགལ་མུསི་ལིམ་ལིག་སྲིད་དོན་ཚོགས་པའི་དབུ་ཁྲིད་ན་ལྦ་ཛི་ཤ་རིཕ་དང་ཁོང་གི་སྐུ་མཆེད་པ་ཀིསི་ཐན་གྱི་པཱན་ཇབ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཤ་སྦ་ཤ་རིཕ་གཉིས་དེ་སྔའི་ལྐོག་བཟའི་དོན་རྐྱེན་དང་འབྲེལ་འོས་བསྡུའི་ནང་ཞུགས་ཆོག་གི་མེད་པའི་བཅད་ཁྲ་བཏང་བའི་རྗེས་སྲིད་བློན་ཟུར་པ་ཤ་རིཕ་གིས་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲ་དེ་དང་པོ་མིན་པར་བཅད་ཁྲ་འདི་པ་ཀིསི་ཐན་གྱི་སྲིད་འཛིན་ཛར་རྡ་རི་ཡི་གནོན་ཤུགས་ཀྱི་འོག་བཏང་བ་ཞིག་ཡིན་པའི་སྐྱོན་བཙུགས་དང་ཛར་རྡ་རི་གཞུང་གིས་དེ་སྔ་འོས་བསྡུའི་སྔ་རོལ་སྔར་ལོ་མུ་ཤ་རཕ་གིས་ཕྱིར་འཕུད་བཏང་བའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་པོས་གཙོས་ཁྲིམས་དཔོན་རྣམས་གོ་གནས་ལ་སྐྱར་དུ་བསྐོ་གཞག་གནང་གི་ཡིན་གསུངས་པའི་ཁས་ལེན་དེ་ལག་ལེན་དགོས་ཀྱི་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་དང་སྦྲགས་དེ་སྔའི་ཆབ་སྲིད་ཀྱི་རྙོག་གླེང་དེ་སྐྱར་དུ་སླངས་འགོ་བཙུགས་ཡོད་པ་རེད།

པ་ཀིསི་ཐན་གྱི་གཞུང་གིས་སྤྱིར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དགག་པ་མེད་ཀྱང་ངོ་རྒོལ་བྱ་མི་འདུ་འཛོམས་ཆེ་དྲག་ཚེས་འདིའི་འཁྲོད་དྲག་སྤྱོད་པ་ཚོས་གོ་སྐབས་བཟུང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཚབ་བཟོ་ཉེན་ཡོད་སྐད་པའི་འགྲེལ་བརྗོད་དང་འབྲེལ་ངོ་རྒོལ་བྱ་མི་མང་པོ་ཞིག་ཕྱོགས་གང་སར་བཀག་སྡོམ་བྱ་འགོ་བཙུགས་བཞིན་ཡོད་པའི་སྐོར་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎