ས་ཡོམ་རྒྱབ་མིན་ལ་མ་བལྟོས་བར་མུ་མཐུད་ཇོ་མོ་གླང་མར་འཛེཊ་རྒྱུ།


2015.04.30
ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧ ས་ཡོམ་རྗེས་རི་བོ་ཇོ་མོ་གླང་མའི་ཁུལ་ལ་གངས་རུད་བྱུང་སྐབས། ༢༠༡༥།༤།༢༧
AFP

ས་ཡོམ་རྗེས་རི་འཛེགས་པ་ཚོ་མུ་མཐུད་བདུན་ཕྲག་རྗེས་མ་ནས་རི་བོ་ཇོ་མོ་གླང་མར་འཛེགས་འཆར་ཡོད་པ་རེད་འདུག
བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་བྱུང་བའི་སྐབས་ཇོ་མོ་གླང་མའི་རི་བོར་གངས་བརྡིབས་ཀྱིས་མི་གྲངས་༡༨ཀྱི་ཚེ་སྲོག་ཤོར་ཡོད་ཀྱང་། ཇོ་མོ་གླང་མའི་རི་བོར་འཛེགས་མཁན་ཚོས་ས་ཡོམ་གྱི་གནོད་འཚེ་ཕོག་མིན་ལ་མ་ལྟོས་པར་གཟའ་འཁོར་རྗེས་མ་ཇོ་མོ་གླང་མའི་རི་བོར་འཛེགས་རྒྱུ་ཡིན་པ་དེ་རིང་གཟའ་ཕུར་བུའི་ཉིན་བལ་ཡུལ་གཞུང་གི་དཔོན་རིགས་ཀྱིས་འགྲེལ་བརྗོད་བྱས་འདུག གཟའ་སྤེན་པའི་ཉིན་བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྐབས་ དེའི་འགུལ་ཤུགས་ཀྱིས་ཇོ་མོ་གླང་མའི་རི་བོར་གངས་རུད་བྱུང་ནས་སྐབས་དེར་ཇོ་མོ་གླང་མའི་རི་བོར་འཛེགས་རྒྱུར་རི་གཤམ་གྱི་ལྟེ་གནས་སུ་མི་གྲངས་༨༠༠ཙམ་ཡོད་པ་དང་། གངས་རུད་འོག་མི་གྲངས་༡༨ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།
གངས་རུད་བྱུང་རྗེས་ཛ་དྲག་མྱུར་སྐྱོབ་རུ་ཁག་གིས་རྨས་སྐྱོན་ཚབས་ཆེ་ཕོག་པ་རྣམས་རི་གཤམ་ལྟེ་གནས་ནས་ཐད་འཕུར་གནམ་གྲུས་དབོར་འདྲེན་གྱིས་སྨན་ཁང་དུ་བསྐྱལ་ཡོད་པ་རེད། བལ་ཡུལ་གྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་དཔོན་རིགས་Gautam ནས་གསུངས་ན་ཉིན་ཤས་གོང་རི་འཛེགས་མཁན་དང་སྣེ་ཤན་པ་ཚོ་དང་གྲོས་མོལ་བྱས་པ་བརྒྱུད་ཁོང་ཚོས་མུ་མཐུད་ནས་རི་བོ་ཇོ་མོ་གླང་མར་འཛེགས་རྒྱུའི་འདུན་པ་བཏོན་གྱི་ཡོད་པ་དང་། ད་ལྟའི་ཆར་ཚན་རིག་ཐོག་ནས་ད་དུང་ས་ཡོམ་རྒྱབ་རྒྱུའི་མཚོན་རྟགས་གང་ཡང་མེད་པར་བརྟེན་ས་གཞི་བརྟན་པོ་ཆགས་ནས་རི་འཛེགས་པ་ཚོར་རི་བོ་འཛེགས་རྒྱུར་ས་འགུལ་གྱི་གནོད་འཚེ་འཕྲད་མི་སྲིད་པ་འགྲེལ་བརྗོད་བྱས་འདུག  

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎