ཨི་ཇིབ་ཀྱི་སྲིད་དབང་འཕོ་འགྱུར་སྐོར་བཀའ་མོལ།
2011.02.14
༄༅༎ཁ་ས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཐེ་པའི་ཡུལ་ཁག་མང་པོ་ཞིག་གི་མཐོ་རིམ་དཔོན་རིགས་ལ་ཞལ་པར་གནང་ནས་ཨི་ཇིབ་ནང་གི་སྲིད་དབང་འཕོ་འགྱུར་སྐོར་བཀའ་མོལ་གནང་འདུག།
ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱི་མགྲིན་ཚབ་པ་ཕི་ལིབ་ཀ་རའོ་ལི་ཡིས་ཀྲུཨི་ཀྲར་Twitterདྲ་རྒྱའི་ཐོག་ ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་གྱིས་འཛམ་གླིང་ཡུལ་ཁག་གི་དབུ་ཁྲིད་རྣམ་པ་ཚོ་དང་ལྷན་དུ་ཨི་ཇིབ་ནང་གི་གནས་སྟངས་སྐོར་བསམ་ཚུལ་བརྒྱུད་ལོན་གནང་བ་དང༌། ཨི་ཇིབ་ནང་གི་ཆབ་སྲིད་འཕོ་འགྱུར་དེ་མདུན་ལམ་བཟང་པོའི་ཐོག་བསྐྱོད་ཐབས་སྐོར་བཀའ་མོལ་གནང་ཡོད་པའི་གནས་ཚུལ་བཀོད་གནང་འདུག། ལྕམ་ཀི་ལིན་ཀྲེན་མཆོག་གིས་གིརི་སིའི་སྲིད་བློན་ཇོཇ་པ་པན་དྲོརོ་དང་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཨེསི་ཨེམ་ཀི་རིཤ་ན་ ཡུ་ཨེ་ཨི་(United Arab Emirates)གི་ཕྱི་འབྲེལ་བློན་ཆེན་ཤེཀ་ཨབ་རྡུ་ལ་སྦིན་ཛ་ཡེརྡ་ཨལ་ན་ཡན་ ཡུ་རོཔ་ཆིག་སྒྲིལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྤྱི་ཁྱབ་ཀེ་ཐ་རིན་ཨེཤི་ཀྲེན་ དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ལྦི་ལིཡེམ་ཧེག་ དང་པེ་ལེསི་ཀྲི་ནིཡེན་གྱི་དབུ་ཁྲིད་མའ་མུརྡ་ཨ་སྦ་སེ་བཅས་དང་ལྷན་དུ་ཞལ་པར་བརྒྱུད་ཨི་ཇིབ་ནང་གི་འགྱུར་བའི་སྐོར་བཀའ་མོལ་གནང་འདུག།