ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་པ་ཀི་སི་ཐན་ལ་ནན་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་པ་ཀིསི་ཐན་གྱི་ངོས་ནས་ཊ་ལི་སྦན་དང་ཨེལ་ཀཡེ་རྡ་ལ་ཁ་གཏད་གདོང་ལེན་བྱེད་དགོས་པ་གསུངས་འདུག

2009.12.12

༄༅༎རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་པ་ཀིསི་ཐན་ནི་གནད་འགག་ཆེ་བའི་འཐུད་མཚམས་ཀྱི་གནས་སྟངས་ཤིག་ཡོད་པར་ཨ་མི་རི་ཀའི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་ཡོད་ན་ཡང་ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་མ་ཐུབ་པ་དེས་མཉམ་འབྲེལ་གྱི་ལས་དོན་ཐད་འགོག་རྐྱེན་བཟོ་བཞིན་ཡོད་པ་གསུངས་འདུག།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཁ་སང་གཟའ་པ་སངས་ཉིན་གྲོང་ཁྱེར་ནིའུ་ཡོཀ་དུ་བཙུགས་པའི་ཨ་མི་རི་ཀ་དང་པ་ཀིསི་ཐན་ཐེབས་རྩ་ལས་ཁང་གི་སྒོ་འབྱེད་མཛད་སྒོའི་སྐབས་ཁོང་གིས་པ་ཀིསི་ཐན་གྱི་ངོས་ནས་ཊ་ལི་སྦན་དང་ཨེལ་ཀཡེ་རྡ་ལ་ཁ་གཏད་གདོང་ལེན་བྱེད་པ་དང་དུས་མཚུངས་ མང་གཙོ་འཕེལ་རྒྱས་གཏོང་དགོས་པ་གསུངས་འདུག ཁོང་གིས་པ་ཀིསི་ཐན་གྱི་ཕུགས་རྒྱང་རིང་པོའི་དགོས་ངེས་འཕེལ་རྒྱས་ཀྱི་ཆེད་ང་ཚོ་ཐོུང་གི་ཐོག་ནས་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་མཉམ་འབྲེལ་གྱི་ལས་དོན་སྤེལ་དགོས་ཀྱི་རེད་ དེ་གཉིས་ནི་པ་ཀིསི་ཐན་ནང་གི་མང་གཙོའི་ལམ་ལུགས་སྲ་བརྟན་བཟོ་རྒྱུ་དང་བདེ་འཇགས་ཀྱི་ལས་དོན་ཡར་རྒྱས་བཏང་སྟེ་པ་ཀིསི་ཐན་ཐོག་ཚུར་རྒོལ་བྱ་མཁན་དང་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་གྱི་བརྟན་ལྷིངས་ལ་ཉེན་ཁ་བཟོ་མཁན་གྱི་འཇིགས་བསྐུལ་དྲག་སྤྱོད་པར་ཕམ་ཉེས་གཏོང་ཐབས་བྱེད་རྒྱུ་དེ་གཉིས་ཡིན་པ་གསུངས་ཡོད་པ་རེད།

ད་དུང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་པ་ཀིསི་ཐན་དམག་དཔུང་གིས་པ་ཀིསི་ཐན་ནང་ཡོད་པའི་ཊ་ལི་སྦན་གྱི་ཚོགས་སྡེ་ཁག་གི་ཐོག་ཕར་རྒོལ་གྱི་ལས་དོན་སྤེལ་བཞིན་ཡོད་ན་ཡང་པ་ཀིསི་ཐན་ནང་རྟེན་གཞི་བཙུགས་ཏེ་ཨཕ་ག་ནི་སི་ཐན་ནང་ཨ་རིས་སྣེ་འཁྲིད་པའི་ནེ་ཊོའི་དཔུང་དམག་གི་ཐོག་ཚུར་རྒོལ་བྱ་མཁན་གྱི་ཡུལ་དམག་ཚོའི་ཐོག་པ་ཀིསི་ཐན་གཞུང་གིས་ཕར་རྒོལ་བྱེད་ཀྱི་མེད་པ་གསལ་བཤད་ཀྱང་གནང་འདུག།

ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་པ་ཀིསི་ཐན་ནང་ཊ་ལི་སྦན་ཙམ་མིན་པར་འཇིགས་བསྐུལ་དྲག་སྤྱོད་ཀྱི་ཚོགས་སྡེ་གཞན་ཁག་ཀྱང་ཡོད་པར་བརྟེན་ང་ཚོས་པ་ཀིསི་ཐན་གྱི་ངོས་ནས་པ་ཀིསི་ཐན་རང་ཉིད་ལ་དཀའ་ངལ་ཆེན་པོ་བཟོ་མཁན་ཨེལ་ཀཡེ་རྡ་དང་དེ་མིན་གྱི་འཇིགས་བསྐུལ་དྲག་སྤྱོད་ཚོགས་སྡེ་ཁག་གི་ལས་དོན་ལ་འགོག་རྐྱེན་བཟོ་རྒྱུ་དང་ཚོགས་སྡེ་དེ་དག་གི་ནུས་པ་ཞིག་རལ་དུ་གཏོང་རྒྱུར་ལས་དོན་ནུས་པ་དང་ལྡན་པ་སྤེལ་དགོས་རྒྱུར་བསྐུལ་བ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎