མང་གཙོའི་འགྲོ་ལམ་དེ་ལས་སླ་པོ་ཞིག་མིན་པའི་་སློབ་སྟོན་།

འབར་མའི་ལྕམ་ཨང་སང་སུ་ཅི་མཆོག་ལ་མང་གཙོའི་འགྲོ་ལམ་དེ་ལས་སླ་པོ་ཞིག་མིན་པ་དགོངས་འཇགས་དགོས་པའི་སློབ་སྟོན་གནང་འདུག།

2012.04.10

༄༅༎རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་གིས། ཉེ་ཆར་འོས་བསྡུའི་རྒྱལ་ཁ་ཆེན་པོའི་ཐོག་ནས་འདེམས་ཐོན་བྱུང་བ་འབར་མའི་གྲོས་ཚོགས་ཀྱི་འཐུས་མི་གསར་པ་ལྕམ་ཨང་སང་སུ་ཅི་མཆོག་ལ་མང་གཙོའི་འགྲོ་ལམ་དེ་ལས་སླ་པོ་ཞིག་མིན་པ་དགོངས་འཇགས་དགོས་པའི་སློབ་སྟོན་གནང་འདུག།
དེ་ཡང་ཨ་མི་རི་ཀའི་ནང་ཕེརན་སིའི་གློག་བརྙན་བཟོ་བཀོད་པ་ལོཀ་སྦེ་སོན་གྱིས་བཟོས་པའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུ་ཅིའི་སྐུ་ཚེའི་ལོ་རྒྱུས་ཀྱི་གློག་བརྙན་ The Lady ཞེས་པ་དེ་བཏོན་པའི་སྒོ་དབྱེའི་མཛད་སྒོའི་སྐབས་ ཨ་རིའི་ཕྱི་སྲིད་དྲུང་ཆེས། ངས་ཉེ་ཆར་ཨང་སང་སུ་ཅི་དང་ཞལ་པར་ཐོག་བཀའ་མོལ་ཞིག་བྱུང་བའི་སྐབས་ཁོང་ལ་ངས། ཁོང་རྒྱལ་ཁབ་ཀྱི་རེ་བའི་མཚོན་དོན་ཞིག་ནས་ད་ཆ་སྲིད་དོན་པ་ཞིག་གནང་བཞིན་ཡོད་སྟབས་ ངོས་རང་ལ་དེ་དང་ཕྲན་བུའི་མཚུངས་པའི་ཉམས་མྱོང་ཡོད་པ་དེའི་ཐོག་ནས་ འགྲོ་ལམ་དེ་ལས་སླ་པོ་ཞིག་མིན་པ་ཞུས་ཡོད་ཅེས་དང༌། ཁོང་ལ་ངས་ ད་ཆ་ཁྱེད་གྲོས་ཚོགས་ཀྱི་ནང་ཕེབས་པའི་སྐབས་ཕན་ཚུན་ཕར་སྤྲོད་ཚུར་བླངས་ཀྱི་གོ་ཤེས་ཐབས་བྱུས་དང་ལྡན་དགོས་ཤིང༌། འདི་ནི་མང་གཙོའི་ཁྱད་ཆོས་གཙོ་བོ་ཞིག་ལ། ལྷག་པར་དུ་མང་གཙོའི་ལམ་ལུགས་ལྡན་པའི་གྲོས་ཚོགས་ཤིག་གི་ནང༌། སོ་སོ་དང་ལྟ་བ་མི་མཐུན་པ་དང་འགའ་ཤས་ནི་སོ་སོའི་ལྟ་བ་ལངས་ཕྱོགས་དང་ཡོངས་སུ་མི་མཐུན་པ་ཡོད་པ་དེ་དག་དང་མཉམ་འབྲེལ་གྱི་ཕྱག་ལས་གནང་དགོས་ཀྱི་རེད་ཅེས་ཞུས་ལུགས་གསུངས་འདུག།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་གཟའ་འཁོར་སྔོན་མར་ གལ་ཏེ་འབར་མའི་ངོས་ནས་མུ་འཐུད་མང་གཙོའི་བཅོས་བསྒྱུར་གྱི་ཕྱོགས་སུ་གོམ་པ་མདུན་སྤོས་བྱས་ཚེ་ ཨ་མི་རི་ཀས་རྒྱུན་རིང་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་ཁག་རིམ་པས་ཕྱིར་བསྡུ་གནང་རྒྱུའི་དགོངས་བཞེས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎