རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་འགོག་ཐབས་གྲོས་མོལ་དགོས་གལ།

འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་འགོག་ཐབས་ཀྱི་གྲོས་མོལ་དོན་ཕན་ལྡན་པ་ཞིག་འཕྲལ་དུ་མ་བྱས་ཚེ་ཉེན་ཁ་ཆེན་པོ་ཡོད་སྐོར།

2011.03.01

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་གིས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་འགོག་ཐབས་ཀྱི་གྲོས་མོལ་དོན་ཕན་ལྡན་པ་ཞིག་འཕྲལ་དུ་མ་བྱས་ཚེ་ འཇིགས་བསྐུལ་དྲག་སྤྱོད་པ་ཚོའི་ལག་ཏུ་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་རྒྱུ་ཆ་ཤོར་རྒྱུའི་ཉེན་ཁ་ཧ་ཅང་གི་ཆེན་པོ་ཡོད་པ་གསུངས་འདུག།

སུད་ཛར་ལེན་ཌིའི་གྲོང་ཁྱེར་ཇི་ནི་ལྦར་ཚུགས་བཞིན་པའི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུའི་རྒྱལ་སྤྱིའི་ཚོགས་ཆེན་དེའི་ཐོག་ལྕམ་ཧི་ལ་རི་ཀིལ་ཊན་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུར་དམིགས་པའི་ཚོགས་པ་འདིའི་ངོས་ནས་ ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་འགོག་ཐབས་གནང་དགོས་པའི་བསྐུལ་མ་གནང་པར་མ་ཟད་ད་དུང་ཁོང་གིས་ཚོགས་འདུ་དེའི་ཐོག་གལ་ཏེ་ང་ཚོས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་རྒྱུ་ཆ་འཇིགས་བསྐུལ་དྲག་སྤྱོད་པའི་ལག་ཏུ་ཐོབ་ཉེན་ཡོད་པར་ངོ་ཐོག་ཡིད་ཆེས་བྱེད་ཀྱི་ཡོད་ཚེ་ དེ་འགོག་ཐབས་ཀྱི་ཐབས་ལམ་བཟང་ཤོས་ནི་ད་ཡོད་མཚོན་ཆ་བཟོ་བསྐྲུན་གྱི་རྒྱུ་ཆ་དེ་ཉུང་དུ་གཏོང་རྒྱུ་དེ་རེད་ཅེས་གསུངས་འདུག།

ལོ་གཉིས་ཀྱི་གོང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བཟོ་དགོས་པའི་གསུང་བཤད་གལ་ཆེ་ཞིག་གནང་པ་དང་ ལྕམ་ཧི་ལ་ཀིལན་ཊན་མཆོག་གིས་ དམིགས་ཡུལ་འདི་འགྲུབ་རྒྱུའི་ཐབས་ལམ་གལ་ཆེ་ཞིག་ནི་ རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་གྱི་རྒྱུ་ཆ་དུས་ཚོད་རྒྱས་བཅད་ཅིག་གི་ནང་ཚུད་བཟོ་བསྐྲུན་མཚམས་འཇོག་བྱེད་རྒྱུ་དེ་ཡིན་སྲིད་པའི་དགོངས་ཚུལ་གསུངས་འདུག།

སྔ་ལོ་ར་ཤི་ཡ་དང་ཨ་མི་རི་ཀའི་དབར་ཕྱོགས་གཉིས་སོ་སོ་ནས་རྡུལ་ཕྲན་མཚོན་ཆ་ཉུང་དུ་གཏོང་རྒྱུར་མོས་མཐུན་བྱུང་ཞིང་ ད་དུང་ཡང་འཛམ་གླིང་ནང་གི་རྡུལ་ཕྲན་མཚོན་ཆ་མང་ཤོས་ཡོད་མཁན་གྱི་ཡུལ་གྲུ་གཉིས་པོས་ རང་རང་སོ་སོའི་རྡུལ་ཕྲན་མཚོན་ཆའི་གོ་མཛོད་དེ་ད་དུང་ཆུང་དུ་གཏོང་རྒྱུར་གྲོས་བསྡུར་གནང་མུས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎