དྲུག་བཞིའི་དོན་རྐྱེན་དྲན་གསོའི་ལས་འགུལ་ནང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཉམ་ཞུགས་གནང་བ།
2019.06.04

ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་མང་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དྲན་གསོའི་འདུ་འཛོམས་གནང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༩ལོར་གདུག་རྩུབ་ཀྱི་བྱ་སྤྱོད་དེ་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་གནང་ནས་ཐེར་འདོན་གནང་དགོས་པའི་གལ་ཆེའི་གནད་དོན་ཞིག་ཡིན་པ་གསུངས་ཡོད་པ་རེད། གནས་ཚུལ་འདིའི་སྐོར་བསྟན་འཛིན་བདེ་སྐྱེད་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།