ཕྱི་རྒྱལ་ཡུལ་གྲུ་ཁག་༦༠་ཙམ་གྱི་དད་ལྡན་པ་འཛོམས་འདུག


2014.07.09
དུས་དབང་ཐེངས་༣༣པའི་དཀྱིལ་འཁོར་བཞེངས་བཞིན་པ། ༢༠༡༤།༧།༩ དུས་དབང་ཐེངས་༣༣པའི་དཀྱིལ་འཁོར་བཞེངས་བཞིན་པ། ༢༠༡༤།༧།༩
སྐུ་སྒེར་དྲ་བ།

དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་གྲུབ་ནས་དུས་འཁོར་གྱི་ལྷ་ཚོགས་ལ་གར་གྱི་མཆོད་པ་ཕུལ་གནང་ཡོད་པ་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༣པ་རྒྱ་གར་ལ་དྭགས་སླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་དུ་གནང་རྒྱུའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལེགས་པར་གྲུབ་ནས་དུས་འཁོར་གྱི་ལྷ་ཚོགས་ལ་གར་གྱི་མཆོད་པ་ཕུལ་གནང་ཡོད་པ་དང་། དཔལ་ལྡན་རྣམ་རྒྱལ་གྲ་ཚང་གི་དགེ་འདུན་པ་༡༢་ཀྱིས་མཆོད་གར་ཕུལ་རྗེས་སུ་ལ་དྭགས་ཡུལ་མིའི་ཚོ་ཁག་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཚོ་ཁག་སོག་པོ། བོད་མིའི་སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་པ་སོགས་ཀྱིས་གར་དང་གླུའི་མཆོད་པ་ཕུལ་བ་དང་། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་རྒྱུ། སྒྲུབ་ཆོག་སོགས་རྣམ་རྒྱལ་གྲ་ཚང་གིས་འགན་ཁུར་རྐང་བཞེས་གནང་ཏེ་ས་ཡི་ཆོ་ག་དང་། ས་གར་ཞེས་གར་གྱི་རྣམ་འགྱུར་སྣ་ཚོགས་བསྟན་གནང་ཡོད་པ་རེད། དཀྱིལ་འཁོར་བཞེངས་གྲུབ་རྗེས་ཡིད་དུ་འོིང་བའི་མཆོད་པ་མཚར་དུ་མངར་བ་བཤམས་ཏེ་གར་འཆམ་གྱི་ཐོག་ནས་མཆོད་པ་ཕུལ་གནང་འདུག དུས་འཁོར་དབང་ཆེན་གནང་ཡུལ་སླེ་ས་གནས་ཀྱི་གནམ་གཤིས་ནི། སྔ་དགོང་གྲང་ངར་ཕྲན་བུ་དང་ཉིན་གུང་ཕྲན་བུའི་ཚ་བ་ཆེ་བ། ལྷག་པར་དུ་ཚེས༡༠ནས་བཟུང་དུས་འཁོར་དབང་ཆེན་ཉིན་རྒྱབ་གནང་རྒྱུ་ཡིན་སྟབས་ཚང་མས་ཚ་གདུང་གཡོལ་ཐབས་ཀྱི་ཉི་གདུགས་སོགས་ཐབས་ཤེས་བྱ་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་འདུག གནས་ཚུལལྟར་ན། ཕྱི་རྒྱལ་ཡུལ་གྲུ་ཁག་༦༠ཙམ་ནས་དུས་དབང་ཆོས་ཞུ་ལ་ཕེབས་པའི་ཁོངས་སུ་ཨ་མི་རི་ཀ་དང་། ཁཱ་ན་ཊ། Libya Kenya ལྷོ་ཨཧྥེ་རི་ཀ། Philippines Arab Emirate འབར་མ། ཐེ་ལན་ཊི་སོགས་ཡོད་ཅིང་། བསྡོམས་པས་ཕྱི་ནང་དད་ལྡན་ཆོས་ཞུ་བ་དེབ་བསྐྱེལ་ཟིན་པའི་གྲངས་འབོར་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་ལྷག་ཙམ་ཡོད་པ་དུས་དབང་གྲ་སྒྲིག་ཚོགས་ཆུང་གིས་ཁྱབ་བསྒྲགས་གནང་ཡོད་པ་དེ་ལྟར་ཡང་ན་གཞོན་རང་ལོ་༡༥མན་ཆད་དེབ་བསྐྱེལ་གནང་དགོས་ཀྱི་མེད་སྟབས་བསྡོམས་འབོར་ནང་ཚུད་མེད་པ་རེད།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་དོན་གྲུབ་རྣམ་རྒྱལ།

ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།


ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།



ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་སྐལ་ལྡན་བློ་གྲོས་ལགས་སུ་གནས་འདྲི་བྱས་བར་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎