བོད་ནང་དཀའ་ངལ་ཇི་ཙམ་ཆེན་པོ་བྱུང་ན་ཡང་འཚེ་བ་མེད་པའི་ཐོག་འགྲོ་བསྡད་ཡོད།


2019.10.05
བོད་ནང་དཀའ་ངལ་ཇི་ཙམ་ཆེན་པོ་བྱུང་ན་ཡང་འཚེ་བ་མེད་པའི་ཐོག་འགྲོ་བསྡད་ཡོད། ༧གོང་ས་མཆོག་ནས་བོད་དོན་ཆེད་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་ཚོས་འཚེ་བ་མེད་པའི་དམ་བཅའ་བརྟན་པོར་བཟུང་ནས་གཞན་ལ་གནོད་པ་སྐྱེལ་མེད་སྐོར་གསུངས་བ།
བསྟན་འཛིན་དོན་ཡོད།

༄༅།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཆེད་བོད་ནང་རང་ལུས་མེར་སྲེག་བཏང་མཁན་ད་བར་བརྒྱ་དང་ལྔ་བཅུ་ང་གྲངས་བྱུང་བ་རྣམས་སེམས་ཤུགས་ཆེན་པོ་ཡོད་ན་ཡང་འཚེ་བ་མེད་པའི་དམ་བཅའ་བརྟན་པོར་བཟུང་ནས་གཞན་ལ་གནོད་པ་སྐྱེལ་མེད་སྐོར་དེ་རིང་ཆོས་འབྲེལ་ཉིན་གསུམ་པའི་ཐོག་བཀའ་སྩལ་གནང་མཛད་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་གྱི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་༡༠ཚེས་༣ཉིན་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་བའི་ཉིན་གསུམ་པའམ་མཐའ་མ་སྟེ་ཕྱི་ཟླ་༡༠ཚེས་༥་ཉིན་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་༧མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས་བོད་ནང་བོད་རྒྱ་ཆེའི་མི་མང་རྣམས་ནི་ཧ་ལས་པའི་སེམས་ཤུགས་ཆེན་པོ་དང་དཀའ་ངལ་ཇི་ཙམ་ཆེན་པོ་བྱུང་ན་ཡང་འཚེ་བ་མེད་པའི་ཐོག་འགྲོ་བསྡད་ཡོད། རང་ལུས་མེར་སྲེག་བཏང་མཁན་རྣམས་སེམས་ཤུགས་ཆེན་པོ་ཡོད་ན་ཡང་འཚེ་བ་མེད་པའི་དམ་བཅའ་བརྟན་པོར་བཟུང་ཡོད་པ་དང་ནང་པ་སངས་རྒྱས་པའི་ཆོས་ཀྱིས་བོད་མི་རྣམས་ཕྱི་འདུལ་བ་ནང་འདུལ་བ་དངོས་གནས་ཡག་པོ་ཆགས་ཡོད་སྐོར་བཀའ་སྩལ་གནང་མཛད་འདུག ༧གོང་ས་མཆོག་གིས་དཔལ་ན་ལེན་ཌའི་རིག་པའི་གཞུང་ལུགས་ཀྱི་སེམས་ཁམས་དང་ཚད་མ་རིག་པ་བཅས་བོད་སྐད་ནང་ཆ་ཚང་ཡོད་པ་ནི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་རྒྱ་ནག་གི་དཔོན་རིགས་ཀླད་པ་གུ་དོགས་པོ་ཁ་ཤས་ཀྱིས་བོད་ཡིག་ལ་དམ་དྲག་བྱེད་པ་དེ་ནི་བློ་རྒྱ་ཆུང་དྲགས་པ་རེད་ཅེས་བཀའ་གནང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་ཚད་མ་རིག་པ་དར་ཁྱབ་ཕྱིན་མེད་པ་དང་བོད་མི་ཚོས་ཚད་མ་རིག་པར་དོ་སྣང་ཆེན་པོ་གནང་ཡོད་སྟབས་རྒྱ་ནག་ལ་བོད་ཀྱིས་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོད་པ་དང་བོད་ཡིག་ནི་ནང་ཆོས་འགྲེལ་བཤད་རྒྱབ་ཐུབ་མཁན་གྱི་སྐད་ཡིག་ཡག་ཤོས་དེ་ཡིན་སྐོར་ཁྱེད་ཚོས་རྒྱ་ནག་ནང་གི་རྒྱ་རིགས་ཚོར་གང་ཐུབ་ཐུབ་ཤོད་དགོས་པའི་ལམ་སྟོན་བཀའ་སློབ་ཀྱང་བསྩལ་གནང་མཛད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎