རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་འཁྲུག་རྩོད་མུ་མཐུད་ཡོང་སྲིད་པ་རྒྱ་གར་བདེ་སྲུང་བློན་ཆེན་གྱིས་གསུངས་ཡོད་པ།

2021.12.29
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་འཁྲུག་རྩོད་མུ་མཐུད་ཡོང་སྲིད་པ་རྒྱ་གར་བདེ་སྲུང་བློན་ཆེན་གྱིས་གསུངས་ཡོད་པ། རྒྱ་གར་གྱི་བདེ་སྲུང་བློན་ཆེན་Rajnath Singh.
ཨེ་ཨེཕ་པི།

རྒྱ་གར་གྱི་གསར་ཤོག་ Times of India ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ Rajnath Singh ལགས་ཀྱིས་དྲྭ་ལམ་བརྒྱུད་ནས། རྒྱ་གར་བྱང་ཤར་ཁུལ་དུ་ཟམ་པ་༢༤དང་ལམ་ཆེན་ཁག་གསུམ་གསར་དུ་དབུ་འབྱེད་ཀྱི་བྱེད་སྒོའི་ཐོག་གསུང་བཤད་གནང་སྐབས། ད་ལྟའི་ཁོར་ཡུག་གི་གནས་སྟངས་ལ་གཞིགས་ན་ས་མཚམས་སུ་ཟིང་འཁྲུག་ཡོང་མི་སྲིད་པ་མ་རེད། གནས་སྟངས་འདི་འདྲའི་སྐབས་གདོང་ལེན་བྱེད་ཐབས་སུ་ཟམ་པ་དང་འགྲུལ་ལམ་སོགས་དགོས་ངེས་ཀྱི་ཆ་རྐྱེན་གང་ལེགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་དེར་གཞིགས་ནས་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་བཏང་ཡོད་ལ། ཉེན་ཁ་མི་ཡོང་བའི་ཆེད་དུ་སྔོན་ཚུད་ནས་འཕྲུལ་རིག་གི་ཐོག་ནས་གསང་ཉུལ་གྱི་མཐུན་རྐྱེན་ཡང་ཇེ་ལེགས་སུ་གཏོང་དགོས་པའང་གནད་དགག་ཆེན་པོ་རེད་ཅེས་གསུངས་འདུག
སྔར་ལོ་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་མཚམས་སུ་རྒྱ་ནག་གི་དམག་མིས་སིམ་འཛུལ་བྱས་པ་མ་ཟད། ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་སྟེ་དམག་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། ཡུལ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་མི་སྣའི་བར་གྲོས་མོལ་རིམ་པ་བྱས་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་ས་མཚམས་སུ་སྔར་ལས་ལྷག་པའི་དམག་དཔུང་འགྲེམ་འཇོག་དང་། དེང་དུས་སྔོན་ཐོན་གྱི་མཚོན་ཆ་འཕེལ་རྒྱས། བོད་ཀྱི་ས་མཚམས་སུ་ས་མཐོ་སར་དམག་སྦྱོང་བྱེད་པ་སོགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། རྒྱ་གར་གྱི་ཕྱོགས་ནས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་ས་མཚམས་སུ་འཁེལ་བའི་བྱང་ཕྱོགས་ཇཱ་མུ་དང་། ལ་དྭགས། ཨ་རུ་ན་ཅལ་མངའ་སྡེ་བཅས་ཀྱི་ནང་ཟམ་པ་དང་ལམ་ཆེན་གསར་རྒྱག་བྱེད་པ་སོགས་གདོང་ལེན་བྱེད་རྒྱུ་ཡིན་པའི་སྐོར་བརྗོད་བཞིན་ཡོད་པ་རེད་།
ད་ཐེངས་བདེ་སྲུང་བློན་ཆེན་གྱིས་གཏམ་བཤད་གནང་བའི་ནང་དུའང་ས་མཚམས་ནས་ཚུར་རྒོལ་མུ་མཐུད་ནས་ཡོང་སྲིད་པས། དེར་གདོང་ལེན་བྱེད་རྒྱུའི་གྲ་སྒྲིགས་ཨང་སར་དགོས་ལུགས་ནན་བརྗོད་གནང་ཡོད་འདུག གསར་དུ་དབུ་འབྱེད་གནང་བའི་ལམ་ཆེན་གཉིས་ལ་དྭགས་དང་གཅིག་ནུབ་བྷེལ་གྷོལ་ནང་ཡོད་ཅིང་། ཡང་ཟམ་པ་དགུ་ཇཱ་མུའུ་དང་ཀཤ་མིར་ཁུལ་དུ་ཡོད་པ་་དང་། ལ་དྭགས་དང་ཧི་མ་ཅལ་མངའ་སྡེ་སོ་སོར་ཟམ་པ་ལྔ་རེ་དང་། ཡང་ཨུ་ཏར་ཁནདྲ་མངའ་སྡེའི་ནང་གསུམ། ཨ་རུ་ན་ཅལ་དང་འབྲས་ལྗོངས་སོ་སོར་གཅིག་རེ་བཅས་གསར་རྒྱག་བྱས་ཡོད་འདུག།
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎