རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཞེས་བ་སྒོ་རྒྱབ་ཚུལ་བསྒྲགས་འདུག


2016.03.14
༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ལ་ཕེབས་སྐབས་བོད་མི་སྟོང་ཕྲག་བརྒལ་བས་དགའ་སྟོན་ཕེབས་བསུ་དང་དོལ་རྒྱལ་རྗེས་འབྲངས་བ་ཁག་གཅིག་གིས་ངོ་རྒོལ་གནང་བ། ༢༠༡༥།༢།༥ ༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ལ་ཕེབས་སྐབས་བོད་མི་སྟོང་ཕྲག་བརྒལ་བས་དགའ་སྟོན་ཕེབས་བསུ་དང་དོལ་རྒྱལ་རྗེས་འབྲངས་བ་ཁག་གཅིག་གིས་ངོ་རྒོལ་གནང་བ། ༢༠༡༥།༢།༥
ཀླུ་འབུམ། །RFA

རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་རྒྱུ་མཚམས་འཇོག་དང་ཚོགས་པ་སྒོ་རྒྱབ་ཚུལ་བསྒྲགས་འདུག
དེ་ཡང་BBCདྲ་གནས་ཀྱིས་འཛམ་གླིང་གི་ས་གནས་ཁག་ཏུ་༧གོང་ས་ཏཱ་ལའི་བླ་མ་ལ་མཚན་དམས་ངོ་རྒོལ་བྱེད་མཁན་གྱི་ཤུགས་ལྡན་སྒྲིག་འཛུགས་དེའི་དྲ་གནས་ཐོག་གསལ་བསྒྲགས་སྤེལ་བ་ལུངས་འདྲེན་གྱིས། འཛམ་གླིང་གི་ས་གནས་ཁག་ཏུ་༧གོང་ས་ཏཱ་ལའི་བླ་མ་ལ་མཚན་དམས་ངོ་རྒོལ་བྱེད་མཁན་གྱི་ཁོ་པ་ཚོས་གོང་ས་མཆོག་ལ་ངོ་རྒོལ་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱ་རྒྱུ་མ་ཟད། དེའི་སྒྲིག་འཛུགས་མེད་པ་བཟོ་རྒྱུ་ཡིན་པའི་ཐག་གཅོད་བྱས་ལུགས་འཁོད་འདུག།
གནས་ཚུལ་ནང་མུ་མཐུད་བཀོད་པར། ན་ནིང་ཟླ་༡༢་པའི་ནང་རུད་ཀྲར་གསར་འགྱུར་ལས་ཁང་གི་གསར་འགོད་པས་རྩད་ཞིབ་བྱས་པ་ལྟར་ན། ཤུགས་ལྡན་གྱི་སྒྲིག་འཛུགས་དེར་རྒྱ་ནག་གུང་ཁྲན་ཏང་གིས་རྒྱབ་སྐྱོར་བྱེད་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་གི་མཚན་སྙན་མེད་པ་བཟོ་ཐབས་ཀྱི་ཆེད་དུ་ཤུགས་ལྡན་ཚོགས་པ་གཙོ་བོིའི་ལག་ཆ་ལ་བེད་སྤྱོད་བྱས་ཡོད་པ་བརྗོད་ཡོད།
གོང་གསལ་ཤུགས་ལྡན་ཚོགས་པའི་གསལ་བསྒྲགས་དེའི་ནང༌། ཟླ་༣་ཚེས་༡༠་ཉིན་མོ་ནས་བཟུང་སྒྲིག་འཛུགས་དེ་དང་དེའི་དྲ་གནས་མི་དགོས་པ་བཟོས་པ་གསལ་ཡོད་ཀྱང་ཁོ་ཚོས་གཞན་དམིགས་བསལ་གསལ་ཁ་གཏོད་མེད་པ་རེད།
ད་རེས་ཤུགས་ལྡན་ཚོགས་པ་སྒོ་རྒྱབ་ཚུལ་གྱི་གནས་ཚུལ་ཐད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སུད་སི་ཇེ་ནེ་ཝར་ཚེས་༡༡་ཉིན་གསར་འགོད་པའི་ལྷན་ཚོགས་ཐོག ༧གོང་ས་མཆོག་གིས་གནས་ཚུལ་དེ་མཁྱེན་རྟོགས་བྱུང་ནའང་དེའི་རྒྱབ་ཀྱི་རྒྱུ་རྐྱེན་ཇི་ཡིན་མཁྱེན་རྟོགས་མེད་ཅེས་བཀའ་གནང་བའི་སྐོར་བཀོད་འདུག
དེ་བཞིན་ལོ་སྔོན་མར་ཨ་རིར་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་སྐབས་ཚོགས་པ་དེའི་མགྲིན་ཚབ་པ་བོད་མི་བསོད་ནམས་རིན་ཆེན་གྱིས། ཚོགས་པ་དེ་སྒོ་བརྒྱབ་པའི་རྒྱུ་མཚན་ཤེས་ཀྱི་མེད་སྐོར་ལན་འདེབས་བྱས་ཡོད་འདུག།
རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཞེས་བ་དེ་ཨ་རིའི་ཀེ་ལི་ཕོ་ནི་ཡའི་མངའ་སྡེའི་ནང་གི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་ཞལ་འདེབས་རྒྱག་མཁན་གྱི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་དེབ་སྐྱེལ་བྱས་ཡོད་ཅིང་།  དེའི་ནང་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་བ་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎