ཨ་མི་རི་ཀ་གཞུང་དང་ཨ་རིའི་ནང་གི་རྒྱ་གར་བ་ཚོས་རྒྱ་གར་ལ་རོགས་རམ་གནང་རྒྱུ་ཡིན་པ་རེད།

2021.04.27
ཨ་མི་རི་ཀ་གཞུང་དང་ཨ་རིའི་ནང་གི་རྒྱ་གར་བ་ཚོས་རྒྱ་གར་ལ་རོགས་རམ་གནང་རྒྱུ་ཡིན་པ་རེད། ལྡི་ལིར་ཏོག་དབྱིབས་ནད་ཡམས་ཕོག་ནས་གྲོངས་ཟིན་པའི་ཕུང་པོ་དུར་སར་སྐྱེལ་སྐབས། ༤།༢༦།༢༡
Reuters

རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཛ་དྲག་གི་གནས་སྟངས་སྐབས་ཨ་མི་རི་ཀ་དང་ཨ་རིའི་ནང་གི་རྒྱ་གར་བ་ཚོས་དགོས་ངེས་ཀྱི་རོགས་རམ་གནང་རྒྱུ་ཡིན་པ་རེད་འདུག
ཨ་མི་རི་ཀའི་ནང་ཡོད་པའི་རྒྱ་གར་མི་རིགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ཨ་རིའི་འཕྲུལ་རིག་ལག་རྩལ་ཁེ་གཉེར་ལས་ཁང་ཁག་གི་འགོ་གཙོ་རྣམ་པས། རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གི་གནས་སྟངས་དེར་རོགས་རམ་གནང་རྒྱུའི་ལས་དོན་འགོ་བཙུགས་པ་མ་ཟད། རོགས་རམ་ཁག་རྒྱ་གར་ནང་སྤྱི་སྙོམས་ཐོག་བགོ་འགྲེམས་ཡོང་བ་གནང་རྒྱུ་ཡིན་པ་རེད་འདུག
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་གར་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་(Ro Khanna)ཡིས་རུཡེ་ཊར་གསར་འགྱུར་ལས་ཁང་ལ་འདི་ཚེས་༢༦་རེས་གཟའ་ཟླ་བ་ཉིན་གསུང་ན། རྒྱ་གར་བ་ཨ་རིའི་མི་སེར་ཡིན་པ་དང་། དེ་བཞིན་(Sun Microsystems)ཁེ་གཉེར་ལས་ཁང་གསར་འཛུགས་གནང་མཁན་ཕྱུག་བདག་སྐུ་ཞབས་(Vinod Khosla)་དང་། ཨ་མི་རི་ཀའི་གྷུ་གྷལ་(Google)དང་(IBM) གཞན་(Microsoft)་སོགས་འཕྲུལ་རིག་ལག་རྩལ་ཁེ་གཉེར་ལས་ཁང་ཁག་ནང་ཡོད་པའི་འགོ་གཙོ་རྣམ་པས་མཉམ་དུ། ད་ལྟའི་ཆར་རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཛ་དྲག་ཐད་རོགས་རམ་གྱི་ལས་དོན་གཉེར་བཞིན་ཡོད་པ་གསུང་འདུག
གོང་ཞུས་ཨ་མི་རི་ཀའི་ནང་ཡོད་པའི་རྒྱ་གར་བ་གནད་ཡོད་མི་སྣ་རྣམས་ཀྱིས། རྒྱ་གར་ལ་ད་ལྟ་ཛ་དྲག་ཐོག་དགོས་མཁོ་ཆེ་བའི་སྲོག་འཛིན་རླུང་དང་། སྨན་བཅོས་ཀྱི་ཡོ་ཆས་ཁག་རོགས་རམ་ཆེད་རྒྱ་གར་ནང་ཡོད་པའི་སྨན་ཁང་ཁག་དང་། དེ་འབྲེལ་གྱི་མཐུན་རྐྱེན་ཁག་དང་འབྲེལ་མཐུད་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་མ་ཟད། ཨ་མི་རི་ཀའི་ཕོ་བྲང་དཀར་པོ་ནས་ཀྱང་རྒྱ་གར་ལ་རོགས་རམ་གང་ཡོང་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་འདུག
ཡང་ཨ་མི་རི་ཀའི་ཚོང་པའི་མཐུན་ཚོགས་ཆེ་ཤོས་(U.S. Chamber of Commerce)་ཞེས་པའི་མཐུན་ཚོགས་དེའི་ནང་ཡོད་པའི་ཁེ་གཉེར་ལས་ཁང་བཞི་བཅུ་ཙམ་གྱི་འགོ་གཙོ་རྣམས་ཀྱིས་ཀྱང་རྒྱ་གར་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཛ་དྲག་ཐོག་དགོས་མཁོ་ཆེ་བའི་སྲོག་འཛིན་རླུང་དང་། སྨན་བཅོས་ཡོ་ཆས་སོགས་པའི་རོགས་རམ་གྱི་ལས་དོན་སྤེལ་ཆེད། ལས་དོན་རུ་ཁག་ཤིག་ཀྱང་གསར་འཛུགས་གནང་ཡོད་པ་མ་ཟད། ཨ་མི་རི་ཀས་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་ས་ཡ་མང་པོ་དང་། སྲོག་འཛིན་རླུང་། སྨན་སོགས་རྒྱ་གར་ལ་རོགས་སྐྱོར་ཆེད་སྤྲོད་འཆར་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་གཞུང་འཛིན་(BJP)་ཚོགས་པས་དེ་སྔོན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས། སྔོན་འགོག་དང་སྨན་བཅོས་ཀྱི་ལས་དོན་སྤེལ་བ་མངའ་སྡེ་ཁག་ནང་ཆ་སྙོམས་པ་ཞིག་མ་བྱུང་བའི་གནས་སྟངས་དེ་ད་ཐེངས་ཡང་བསྐྱར་མི་འབྱུང་བ་གནང་རྒྱུའི་བཀའ་མོལ་ཡང་འགྲོ་བཞིན་ཡོད་པ་རེད་འདུག
གཞན་དབྱིན་ཡུལ་དང་། ཡོ་རོབ་མཐུན་ཚོགས། རྒྱ་ནག་དང་ར་ཤི་ཡ་སོགས་རྒྱལ་ཁབ་མང་པོས་རྒྱ་གར་ལ་དགོས་ངེས་ཀྱི་སྨན་དང་ནད་ཡམས་སྔོན་འགོག་གི་སྨན་ཁབ་སོགས་རོགས་རམ་བྱེད་བཞིན་པ་དང་། སིངྒ་པུར་དང་འབྲུག་ལྟ་བུ་རྒྱལ་ཁབ་ཆུང་ཁག་གིས་ཀྱང་རྒྱ་གར་ལ་ཧ་ཅང་དགོས་ངེས་ཆེ་བ་སྲོག་འཛིན་རླུང་མཁོ་སྤྲོད་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎