དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་ ༥ ཇེ་མང་དུ་སོང་འདུག


2020.02.07
བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩ བོད་ནང་གཞོན་སྐྱེས་ཞིག་གིས་རིན་མེད་ཁ་རས་དཀྲམ་བཞིན་པ། ༢༠༢༠།༡།༢༩
བོད་འབྱོར།

དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་དཀར་མཛེས་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་ ༥ ཇེ་མང་དུ་སོང་ནས། ད་ཆ་ཁྱོན་ནད་པ་ ༡༧ ལ་འཕར་ཡོད་པ་རེད། དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གིས་དབྱེ་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཁོངས་སུ་ཏོག་དབྱིབས་ནད་འབུ་གསར་པའི་ནད་པ་ ༥ ཐོན་ནས། ད་ཆ་རྫོང་དེའི་ཁོངས་སུ་ཁྱོན་ནད་པ་ ༡༢ དང་། དཀར་མཛེས་ཁུལ་དུ་ཁྱོན་ནད་པའི་གྲངས་འབོར་ ༡༧ ལ་འཕར་ཡོད་པ་རེད། དེའི་ཐད་སྤྱི་ཚེས་ ༦ ཉིན་དཀར་མཛེས་ཁུལ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་བའི་ནང་དུ། རྟའུ་རྫོང་ཁོངས་ནས་གསར་ཏུ་ཐོན་པའི་ནད་པ་ལྔ་པོ་དེ་དག་གི་ནང་ལོ་ན་ ༡༣ ཅན་གྱི་ཀུན་ག་གེ་མོ་དང་། བསྟན་ག་གེ་ཟེར་བའི་བུ་གཉིས་དང་། གཞན་ལོ་ན་ ༥༥ ཡིན་པའི་བདེ་ག་གེ་མོ་ཟེར་བའི་བུད་མེད་ཞིག་དང་། ལོ་ན་ ༥༦ ཡིན་པའི་ ཀྲོང་ག་རེ་མོ་ཟེར་བའི་སྐྱེས་པ་ཞིག  གཞན་ལོ་ན་ ༥༠ ཐམ་པ་ཡིན་པའི་བློ་ག་གེ་མོ་ཟེར་བའི་སྐྱེས་པ་ཞིག་བཅས་ཡིན་པ་འཁོད་འདུག དེ་མིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་སྤྱི་ཚེས་ ༧ ཉིན་སྤྱི་བསྒྲགས་སྤེལ་བར་ལྟར་ན། ཅོ་ནེ་རྫོང་དུ་ Rong ག་གེ་མོ་ཟེར་བའི་བུད་མེད་ལོ་ན་ ༤༥ ཅན་ཞིག་ལ་ཡང་ཏོག་དབྱིབས་ནད་དུག་གསར་པ་འགོས་ཡོད་པ་གཏན་འཕེལ་བྱུང་ནས། ད་ཆ་ཀན་ལྷོ་ཁུལ་དུ་ནད་པའི་གྲངས་འབོར་ ༣ ལ་འཕར་ཡོད་པ་རེད།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་ ༧ ཉིན་བར་བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ དང་། མཚོ་སྔོན་ཟི་ལིང་དུ་ ༡༥ མཚོ་བྱང་ཁུལ་དུ་ ༣ སི་ཁྲོན་དཀར་མཛེས་སུ་ ༡༧ རྔ་བ་ཁུལ་དུ་ ༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ ༣ བཅས་བྱུང་ཡོད་པ་རེད།

གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༧ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཏུ་མི་གྲངས་ ༣༡༡༦༡ ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༦༣༦ གྲོངས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎