རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སྐོར།

རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེ་ཡོང་སྲིད།

2011.03.15

༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེ་རུ་འགྲོ་བཞིན་པའི་རྐྱེན་གྱིས། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེ་ཡོང་སྲིད་བཟོ་ཡོད་སྐོར་ རྒྱ་གར་ནང་ཡོད་པའི་ དཔལ་འབྱོར་དང་ཚོང་ལས་ཞིབ་འཇུག་ཁང་ཞིག་གིས་གསར་དུ་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་བཀོད་ཡོད་འདུག དེ་ཡང་KMPGཞེས་པའི་ཞིབ་འཇུག་ལས་ཁང་དེ་ཡིས་འདི་ཚེས་༡༤ཉིན་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་བཀོད་པར་གཞིགས་ན། རྒྱ་གར་ནང་དེ་སྔ་ཡིན་ན་ གཞུང་གིས་དཔོན་རིགས་ཚོར་ལྐོག་རྔན་ཕྲན་བུ་སྤྲོད་དགོས་པའི་ལམ་སྲོལ་ཞིག་ཡོད་ཀྱང༌། ད་ཆ་རྒྱལ་ཁབ་ནང་ཚོང་ལས་ཀྱི་བྱ་གཞག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། གཞུང་གི་ལས་བྱེད་དང་ཚོང་པ་ཚོའི་དབར་ལག་འབྲེལ་བྱས་ཏེ། ཨ་རིའི་ཌོ་ལར་ཐེར་འབུམ་མང་པོ་ལྐོག་ཟའི་ནང་ཐིམས་འགྲོ་གི་ཡོད་པའི་གནས་སྟངས་དེ་དེ་མུར་ལྷག་པ་ཡིན་ན། མ་འོངས་པར་བཟོ་བསྐྲུན་ལས་གཞིའི་ཐོག ཕྱིའི་རྒྱལ་ཁབ་ཁག་དང་ རྒྱ་གར་ནང་གི་མི་མང་ཚོས་མ་རྩ་འཛུགས་འཇོག་མ་ནུས་པའི་གནས་ཚུལ་ཡོང་ཉེན་ཡོད་པ་དང༌། དེ་ལྟར་ཆགས་པ་ཡིན་ན། རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚབས་ཆེའི་ཤུགས་རྐྱེན་ངན་པ་ཐེབས་སྲིད་བཟོ་ཡོད་པའི་ཚོད་དཔག་བྱས་ཡོད་འདུག

གནས་ཚུལ་ནང་མུ་མཐུད་འགྲེལ་བརྗོད་བྱས་པར་གཞིགས་ན། ད་ལམ་གྱི་ཞིབ་འཇུག་སྙན་ཐོ་དེ་བཞིན་ རྒྱ་གར་དང་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཁེ་གཉེར་ལས་ཁང་བརྒྱ་ཙམ་ལ་འདྲི་རྩད་ཀྱིས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པ་དང༌། ཁེ་གཉེར་ལས་ཁང་དེ་ཚོས། རྒྱ་གར་ནང་ཆེས་ཤུགས་ཆེན་པོ་དར་ཁྱབ་འགྲོ་བཞིན་པའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེར་དོགས་ཟོན་དང་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག་པ་ལྟར། ཉེ་ལམ་རྒྱ་གར་ནང་ཨེ་ཤེ་ཡའི་རྩེད་འགྲན་གོ་སྒྲིག་གི་ལས་དོན་དང༌། འཕྲིན་གཏོང་གི་ཚོང་ལས་བོགས་མ་སྤྲོད་ཕྱོགས། དེ་བཞིན་དམག་ཞབས་ཟུར་པའི་ནང་མིར་སྤྲོད་རྒྱུའི་ཁང་ཁྱིམ་རྣམས་གཞུང་གི་ལས་བྱེད་པར་སྤྲད་པ་སོགས་ཀྱི་ལྐོག་ཟ་དང་། ཧམ་ཟས་བྱས་པའི་གནས་ཚུལ་གཅིག་འཇུག་གཉིས་ཐུའད་ཐོན་པས་རྐྱེན་གྱིས་ སྲིད་བློན་མན་མོ་ཧན་སིང་གིས་དབུ་འཁྲིད་པའི་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎