ཨ་རིའི་གྲོས་ཚོགས་ནང་སྔོན་རྩིས་འཆར་གཞིའི་གནད་དོན།

ཨ་རིའི་སྲིད་གཞུང་གིས་སྔོན་རྩིས་འཆར་གཞིའི་ཐོག་གྲོས་མཐུན་མ་བྱུང་ཚེ་ཨ་རིའི་གཞུང་གི་ལས་ཁང་གནས་སྐབས་སྒོ་རྒྱབ་སྲིད་པའི་སྐོར།

2011.04.08

༄༅༎ཨ་རིའི་གྲོས་ཚོགས་ནང་སྔོན་རྩིས་འཆར་གཞིའི་གནད་དོན་ཐོག་ཚོགས་པ་གཉིས་དབར་གྲོས་མོལ་མཇུག་སྒྲིལ་རྒྱུའི་དུས་བཀག་ལ་སླེབས་ནས་ཨ་རིའི་གཞུང་གི་ལས་ཁང་གནས་སྐབས་སྒོ་རྒྱབ་སྲིད་པའི་གནས་སྟངས་ཆགས་ཡོད་པ་རེད་ ཨ་རིའི་སྲདི་འཛིན་སྦ་རཀ་ཨོ་བ་མ་མཆོག་གིས་གསུང་ན་ ཁོང་གིས་ཚོད་རྩིས་ལྟར་ན་ གྲོས་ཚོགས་ནང་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་དབར་གཟའ་པ་སངས་སྔ་དྲོ་སྲིད་གཞུང་གིས་སྔོན་རྩིས་འཆར་གཞིའི་ཐོག་གྲོས་མཐུན་མ་བྱུང་ཚེ་ སྲིད་གཞུང་གི་ལས་ཁང་ཁག་ཅིག་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་གྱི་དུས་ཚོད་གཟའ་པ་སངས་ཀྱི་དགོངས་མོ་ནས་སྒོ་རྒྱབ་རྒྱུ་ཡིན་པ་གསུང་འདུག 

གཟའ་ཕུར་བུའི་ཕྱི་དྲོ་སྲིད་འཛིན་ཨའོ་བ་མ་མཆོག་གིས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་གཙོ་རྣམ་གཉིས་དང་ཐུག་འཕྲད་གནང་སྟེ་ དེང་སྐབས་ཨ་རི་གཞུང་གི་སྔོན་རྩིས་འཆར་གཞིའི་གནད་དོན་ཐོག་གྲོས་ཚོགས་ནང་ཚོགས་པ་གཉིས་དབར་བསམ་ཚུལ་མི་མཐུན་པར་བརྟེན་ནས་གྲོས་མཐུན་མ་བྱུང་བའི་དཀའ་གནད་དེ་སེལ་ཐབས་གནང་ཡོད་པ་དང་ ཚོགས་པ་གཉིས་དབར་མི་མཐུན་པའི་སྔོན་རྩིས་འཆར་གཞི་ནང་གི་གཙོ་གནད་དེ་བཞིན་ད་ལོ་ཕྱི་ཟླ་དགུ་པའི་ནང་མཇུག་སྒྲིལ་རྒྱུའི་ལོ་རེའི་ཨ་རིའི་དབུས་གཞུང་གི་སྔོན་རྩིས་འགྲོ་གྲོན་འཆར་གཞིའི་ཐོག་བསམ་ཚུལ་གཅིག་མཚུངས་ཡོང་གི་མེད་པ་རེད་ སྲིད་འཛིན་ཨོ་བ་མ་ཡིས་ཚོགས་པ་གཉིས་ཀྱི་དབུ་ཁྲིད་དང་ཐུག་འཕྲད་གནང་བའི་རྗེས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལ་ ཚོགས་པ་གཉིས་དབར་བསམ་ཚུལ་མཐུན་ཐབས་ཆེད་འབད་བརྩོན་བྱས་ཏེ་འབྲས་བུ་གང་ཙམ་ཐོན་བཞིན་ཡོད་པ་དང་ མཐར་གྲོས་མཐུན་མ་བྱུང་བར་སྲིད་གཞུང་སྒོ་རྒྱབ་དགོས་བྱུང་བའི་གནས་སྟངས་མི་ཆགས་རྒྱུའི་ཐུགས་རེ་ཡོད་པ་གསུང་འདུག གལ་སྲིད་གྲོས་ཚོགས་ནང་ཚོགས་པ་གཉིས་དབར་བསམ་ཚུལ་གཅིག་མཚུངས་མ་བྱུང་བར་ སྲིད་གཞུང་གི་སྔོན་རྩིས་འཆར་གཞིའི་ཐོག་གྲོས་མཐུན་མ་བྱུང་ཚེ་ ཨ་རིའི་དབུས་གཞུང་གི་ལས་ཁང་ཁག་ནང་ལས་ཀ་བྱེད་མཁན་གྱི་ལས་བྱེད་ཁྲི་ཁ་ཤས་ཐབས་མེད་པར་གླ་མེད་ཀྱིས་ངལ་གསོ་རྒྱབ་རྒྱུའི་གནས་སྟངས་ཆགས་རྒྱུ་ཡིན་པ་དང་ སྲིད་གཞུང་གི་ཞབས་ཞུའི་ལས་རིགས་རྣམས་མཚམས་འཇོག་བྱ་རྒྱུ་མ་ཟད་ དམག་དཔུང་གི་དམག་དོན་འགྲོ་གྲོན་ཡང་རེ་ཞིག་སྤྲོད་མཚམས་འཇོག་རྒྱུ་ཡིན་པས་ གནས་སྟངས་དེ་ལྟར་ཆགས་ཚེ་ དེའི་མཇུག་འབྲས་ཀྱིས་ཨ་རིའི་དཔལ་འབྱོར་སླར་གསོའི་ལས་དོན་ལ་གནོད་ཚབས་ཆེན་པོ་ཡོང་རྒྱུ་ཡིན་པ་སྲིད་འཛིན་གྱིས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎