མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གིས་དྲག་ཤུགས་སོགས་ཀྱི་ལམ་ནས་བྱ་སྤྱོད་སྤེལ་བཞིན་པ།


2017.10.14
མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་ནག་གིས་དྲག་ཤུགས་སོགས་ཀྱི་ལམ་ནས་བྱ་སྤྱོད་སྤེལ་བཞིན་པ། སྐུ་ཚབ་དོན་གཅོད་རྣམ་པའི་ལྷན་ཚོགས་མཇུག་སྒྲིལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཁག་ནང་རྒྱ་ནག་གིས་ཧུར་བརྩོན་དང་དྲག་ཤུགས། ཚིག་རྩུབ་ཀྱི་ལམ་ནས་བྱ་སྤྱོད་སྤེལ་བཞིན་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་གར་དང་ཡོ་རོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་མིའི་ཐོབ་ཐང་ཚན་པས་བརྗོད་འདུག
དེ་ཡང་ཉེ་ཆར་སྐུ་ཚབ་དོན་གཅོད་རྣམ་པའི་ལྷན་ཚོགས་སྐབས། སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། ཕྱི་འབྲེལ་ལས་ཁུངས་ཀྱི་ཚན་པ་དེའི་འགན་འཛིན་སྐལྡན་མཚོ་མོ་ལགས་ཟུང་འབྲེལ་གྱི་ཐོག་ནས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བོད་དོན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཞུ་གཏུགས་ཀྱི་ལས་དོན་ནུས་པ་ཆེ་རུ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་བགྲོ་གླེང་ཞིག་བསྐོང་ཚོགས་གནང་པའི་སྐབས། ཉེ་ཆར་མཇུག་བསྒྲིལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཞོར་གྱི་མཛད་སྒོ་ཞིག་གི་སྐབས། རྒྱ་ནག་གི་སྐུ་ཚབ་མི་སྣས་ཨ་རི་དང་ཀེ་ན་ཌ་སོགས་ཀྱི་ཡུལ་གྲུའི་སྐུ་ཚབ་མི་སྣར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་གྲུ་དེ་དག་ནང་ཆིབས་བསྒྱུར་སྐྱོང་འཐུས་ཀྱི་ཐག་གཅོད་ཕྱིར་འཐེན་བྱ་དགོས་པའི་སྣོན་ཤུགས་སྤྲོད་ཐབས་བྱས་པ་སོགས་འགྲེལ་བརྗོད་གནང་འདུག་ཅིང་། སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་ཁག་གིས་ཞུ་གཏུགས་བྱ་ཡུལ་གྱི་ནུས་པ་དང་སྡིང་ཆ་གཉིས་ཀ་ཉུང་དུ་གཏོང་ཐབས་བྱ་རྒྱུ་དེ་ཡིན་པར་མ་ཟད། དམིགས་ཡུལ་དེ་གྲུབ་ཐབས་སུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་རྒྱལ་ཚོགས་ཀྱི་ཚོགས་འདུ་ཁག་ནང་ཞུགས་རྒྱུ་འགོག་ཐབས་བྱེད་བཞིན་ཡོད་པ་གསུངས་འདུག
རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རེའི་རྒྱུ་གྲོན་ཐོག་དངུལ་མང་ཤོས་སྤྲོད་མཁན་གྱི་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་པར་མ་ཟད། རྒྱལ་ཚོགས་ཀྱི་ཞི་བདེ་གནས་ཐབས་ཀྱི་ལས་དོན་ཐད་མཐུན་འགྱུར་སྦྱོར་མཁན་ཨང་དང་པོ་དེ་ཡང་ཡིན་པ་རེད།  དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་འདྲ་མིན་གྱི་ནང་ཧུར་བརྩོན་ཆེན་པོས་ལས་དོན་སྤེལ་བཞིན་པ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཆེན་པོ་ཞིག་ཡོད་པ་ནི། རྒྱ་ནག་ཐེར་འདོན་གྱི་གྲོས་ཆོད་བཞག་པའི་རིགས་མི་ཡོང་བ་དང་། རྒྱ་ནག་ཐོག་སྐྱོན་བརྗོད་ག་ཚོད་ཉུང་ཉུང་ཡོང་ཐབས་བྱ་རྒྱུ་སོགས་ཡིན་པ་བརྗོད་འདུག།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎