བལ་སྒོར་ས་ཡ་སུམ་ཅུ་བལ་ཡུལ་ནང་རོགས་རམ་ཆེད་གནང་རྒྱུ་ཡིན།


2015.06.04
བལ་ཡུལ་མཐའ་མཚམས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ། ༢༠༡༥།༥ བལ་ཡུལ་མཐའ་མཚམས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ། ༢༠༡༥།༥
K Noguchi

བོད་མིའི་སྒྲིག་འཛུཊ་ཀྱིས་བལ་ཡུལ་དུ་ས་ཡོམ་གནོད་འཚེ་ཕོག་པའི་བོད་མིར་བར་བརྒལ་ངལ་སེལ་ཆེད་བལ་སྒོར་ས་ཡ་སུམ་ཅུ་གནང་རྒྱུ་ཡིན།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེ་རིང་ཟླ་༦ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེང་གེ་དབུ་ཞུགས་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོིགས་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོིགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་ཆེད་ཕེབས་ཀྱིས་ཕྱི་ནང་གསར་འགོད་པ་༢༥བརྒལ་བ་ལྷན་ཚོགས་སར་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བའི་ནང་། བཀའ་ཤག་གིས་ད་ལན་བལ་ཡུལ་དུ་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པར་སེམས་གསོ་ཞུ་ཆེད་དང་། དངོས་སུ་ས་གནས་ས་ཐོག་ཏུ་གོད་ཆག་ཇི་བྱུང་གི་གནས་སྟངས་རྟོག་ཞིབ་སླད། སྐུ་ཚབ་ཏུ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དངོས་གྲུབ་རྡོ་རྗེ་ལགས་གཉིས་ཆེད་རྫོངས་གནང་སྟེ་གནོད་སྐྱོན་གྱི་དངོས་ཡོད་གནས་སྟངས་ཇི་ཡིན་བཀའ་ཤག་ལ་གསལ་པོ་ཞུ་ཐུབ་པ་བྱུང་ཡོད། ཐོག་མར་བལ་སྒོར་འབུམ་༥༦་བགོ་འགྲེམས་ཀྱི་ཛ་དྲག་ངལ་སེལ་ལས་རིམ་སྤེལ་གྲུབ་པ་དང་། བཀའ་ཤག་གིས་ད་དུང་རོགས་དངུལ་ཐབས་འཚོལ་གནང་མུས་ཁོངས་ནས་བལ་སྒོར་ས་ཡ་སུམ་ཅུ་ཐམ་པ་བར་བརྒལ་ངལ་སེལ་ལས་འཆར་ཐོག་གཏོང་རྒྱུ་གནང་བ་དེའི་ནང༌། སྲོག་སྐྱོན་བྱུང་བའི་རྗེས་ཤུལ་ཁྱིམ་ཚང་རེར་བལ་སྒོར་འབུམ་གཉིས་རེ་བརྩིས་པའི་བལ་སྒོར་ས་ཡ་གཉིས་དང་དྲུག་འབུམ་དང་། ཉམ་ཐག་ཐོ་གཞུང་ཁ་པའི་ཁོངས་འཚོ་སྣོན་ཐོབ་བཞིན་པ་མི་གྲངས་༡༣༩་ལ་ཟླ་རེར་འཚོ་སྣོན་འཕར་མ་སྒོར་གསུམ་སྟོང་རེ་བརྩིས་པའི་ཟླ་དྲུག་འཚོ་སྣོན་འཕར་མ་ཁྱོན་བསྡོམས་བལ་སྒོར་ས་ཡ་གཅིག་དང་བཞི་འབུམ་བརྒྱད་ཁྲི་གནང་རྒྱུ་སོགས་དེ་མིན་སློབ་གྲ་དང་བཙུན་དགོན། འཕྲོད་བསྟེན་སོགས་རྣམ་གྲངས་གཞན་ཐོག་ངལ་སེལ་རོགས་སྐྱོར་གནང་རྒྱུའི་སྐོར་གསལ་བསྒྲགས་གནང་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎