སྲིད་སྐྱོང་མཆོག་གི་ཡོ་རོབ་དང་ཁེ་ན་ཌའི་ནང་གཟིགས་སྐོར།


2017.11.08
སྲིད་སྐྱོང་མཆོག་གི་ཡོ་རོབ་དང་ཁེ་ན་ཌའི་ནང་གཟིགས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཡོ་རོབ་རྒྱལ་ཁབ་ལྔ་དང་ཁེ་ན་ཌའི་ནང་གི་གཟིགས་སྐོར་འགོ་འཛུགས་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

ཕྱི་ཟླ་༡༡ཚེས་༨ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན།ཟླ་བ་འདིའི་སྤྱི་ཚེས་༨ནས་ཚེས་༢༥བར་ཉིན་གྲངས་བཅུ་བདུན་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡོ་རོབ་ཀྱི་ཌེན་མག་ནས་འགོ་བཙུགས་ཏེ་ནོར་ཝེ་དང་སུཝི་ཌེན།དབྱིན་ཇི་།དེ་བཞིན་ཁེ་ན་ཌ་བཅས་ཀྱི་ནང་གཞུང་འབྲེལ་ཕྱོགས་ཕེབས་འགོ་བཙུགས་ཡོད་པ་རེད།
དེ་བཞིན་ཁེ་ན་ཌའི་ནང་རྒྱལ་ས་ཨོ་ཊ་ཝ་དང་།ཊོ་རོན་ཊོ་།ཧེ་ལི་ཧྥ་ཁི་སི་གྲོང་ཁྱེར་བཅས་སུ་ཕེབས་རྒྱུ་དང་།དེ་མིན་ཧ་ལི་ཧྥ་ཁི་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཚོགས་འདུར་མཉམ་ཞུགས་གནང་རྒྱུ་དང་།ཚོགས་འདུ་དེའི་ནང་གཙོ་བོ་བྱང་ཨ་མེ་རི་ཀའི་ཕྱི་སྲིད་དང་རྒྱལ་སྲུང་སྐོར་བགྲོ་གླེང་གནང་གི་ཡོད་པ་རེད།
གཞན་ཡང་། བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཀྱང་ཡོ་རོབ་ཏུ་གཟིགས་སྐོར་གནང་རྒྱུ་དང་།སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་འོག་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས།སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་བཅས་ཀྱིས་ཟླ་བ་འདིའི་སྤྱི་ཚེས་༡༡ནས་༣༠བར་ཡོ་རོབ་ཀྱི་རྦེལ་ཇམ་དང་ཕརཱནས།སུད་སི།ནེ་རྡིར་ལན་ཌི་བཅས་རྒྱལ་ཁབ་བཞིའི་ནང་གཟིགས་སྐོར་གནང་རྒྱུ་དང་།དེ་ནི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་ཕྱིན་ནས་།གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་སྔར་ལྷག་པ་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་གཞིར་བཞག་ཐོག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།   
གསར་འགོད་པ་ལྕགས་མོ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎