རྒྱ་གར་གྱི་སྒོར་མོ་འབུམ་ཆིག་སྟོང་སྐྱེད་ཆུང་བུན་གཡར་གནང་རྒྱུ།


2017.04.11
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༧།༤།༦ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གསར་འགོད་གསལ་བསྒྲགས་སྐབས། ༢༠༡༧།༤།༦
སངས་རྒྱས་རྡོ་རྗེ།/RFA

བོད་མིའི་སྒྲིག་འཛུཊ་ཀྱིས་བཙན་བྱོལ་བོད་མི་བལ་གོས་ཚོང་ལས་སྤེལ་མཁན་ཚོར་རྒྱ་གར་གྱི་སྒོར་མོ་འབུམ་ ༡༠༠༠ སྐྱེད་ཆུང་བུན་གཡར་གནང་རྒྱུ་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། འདི་ཚེས་༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་དང་མཉམ་བོད་མི་བལ་གོས་སུད་ཚོང་བ་རྣམས་ལ་ཧིན་སྒོར་འབུམ་ཆིག་སྟོང་ཐམ་པའི་བུན་གཡར་གྱི་ལས་གཞི་གསལ་བསྒྲགས་གནང་འདུག་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བུན་གཡར་གྱི་མ་རྩའི་ཡོངས་ཁུངས་དང་གཞི་རྩའི་ལས་གཞིའི་འདིའི་སྐོར་ངོ་སྤྲོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། བོད་མི་སུད་ཚོང་བ་རྣམས་ཀྱིས་Ludhiana རྒྱ་གར་གྱི་ཚོང་པ་དང་། ས་གནས་དངུལ་ཁང་། དེ་བཞིན་མཉམ་འབྲེལ་སོགས་ནས་བུ་ལོན་ལེན་སྐབས་སྐྱེད་ཀ་ཉུང་མཐར་བརྒྱ་ཆ་ ༨ ནས་ ༡༤ དང་། ཁག་གཅིག་བརྒྱ་ཆ ༡༨ ཙམ་སྤྲོད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་སུད་ཚོང་བ་རྣམས་ལ་དམིགས་པའི་བུན་གཡར་གྱི་ལས་གཞི་འདིའི་ཐོག་སྐྱེད་ཀ་དམའ་བོའི་བུན་གཡར་གྱིས་དཀའ་ངལ་གང་ཡོང་སེལ་ཐབས་ཆེད་ཡིན་པ་སྲིད་སྐྱོང་མཆོག་གིས་གསུངས་འདུག
སྐྱེད་ཀའི་ཆ་ནས་དུས་ཡུན་ཟླ་བ་དྲུག་རིང་བུན་གཡར་སྒོར་འབུམ་གཅིག་ལ་སྐྱེད་ཀ་བརྒྱ་ཆ་གསུམ་དང་། ཟླ་བ་དྲུག་ནང་ཚུད་བུ་ལོན་ཕྱིར་སློག་དགོས་པ་དང་། ཟླ་བ་བདུན་པ་ནས་སྐྱེད་ཀ་ཆེན་པོ་རྒྱག་རྒྱུ་ཡིན་པ་གསལ་འདུག
གནས་ཚུལ་ནང་གསལ་ལྟར་ན། བཙན་བྱོལ་སྤྱི་ཚོགས་སྤྱི་དང་། ལྷག་པར་རྒྱ་གར་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་བརྒྱ་ཆ་ ༥༠ ཙམ་འཚོ་རྟེན་གྱི་ཡོངས་ཁུངས་གཙོ་བོ་བལ་གོས་སུད་ཚོང་ཡིན་པ་རེད།།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎