རྒྱ་ནག་གི་ཡིག་ཆ་དཀར་པོ་གསར་ཤོས་ལ་ལན་འདེབས་གནང་བ།


2015.09.10
བོད་རང་སྐྱོང་ལྗོངས་ཞེས་བ་བཙུགས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ།་༢༠༡༥།༩།༧ བོད་རང་སྐྱོང་ལྗོངས་ཞེས་བ་བཙུགས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོ།་༢༠༡༥།༩།༧
དྲ་བཤུས@XINHUA

༧གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་བོད་ནང་དུས་རབས་བཟང་ཤོས་ངོ་མ་དེ་འཆར་ངེས་ཡིན་པ་ལན་འདེབས་གནང་བ།
དེའང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གསར་འགོིད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཟླ་༩ཚེས་༦ཉིན་རྒྱ་ནག་གཞུང་གིས་སླར་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཐོག་ཡིག་ཆ་དཀར་པོ་གཞན་ཞིག་འདོན་སྤེལ་བྱས་ཡོད་པ་དང་། འདི་ནི་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ན་ལོ་༥༠་འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན་ནས་འགྲེམས་སྤེལ་བྱས་ཡོད་ཅིང་། ཡིག་ཆ་དེའི་ནང་དོགས་གཞི་ཅན་གྱི་གྲངས་འདྲེན་མང་པོི་ཞིག་བྱས་ནས་བོད་དེ་དུས་རབས་བཟང་ཤོས་སུ་གྱུར་ཡོད་པ་འགྲེལ་བརྗོད་བྱས་ཡོད། ཇི་སྲིད་བོད་ནང་རང་དབང་ཅན་གྱི་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་ཁག་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་འགྲོ་བསྐྱོད་ཀྱི་ཆོག་མཆན་མ་སྤྲད་བར་དུ། རྒྱ་ནག་གཞུང་གིས་ཡིག་ཆ་འདི་ལྟ་བུ་འདོན་སྤེལ་བྱས་ཏེ་བོད་རྒྱའི་འབྲེལ་ལམ་ལ་འཁྱོག་བཤད་བྱེད་པ་དང་། བོད་ལ་དྲག་པོའི་བཙན་བཟུང་བྱས་པ་དེ་དག་འགེབས་སྲུང་བྱེད་བཞིན་པ་ནི་དོན་དག་འགྲུབ་རྒྱུ་མེད་པ་རེད།
རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་དེ་ལས་ལྡོག་ཏེ་དོན་དངོས་སུ་རྒྱལ་ས་ལྷ་སའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་རྒྱུར། བོད་དེ་ཕྱོགས་ཡོངས་ནས་སྒོ་བརྒྱབ་སྟེ་ཉེན་སྲུང་ཐབས་ལམ་སྣ་ཚོགས་ལག་བསྟར་དང་། ས་གནས་གང་སར་དམ་བསྒྲགས་ཤུགས་ཆེ་བྱས་ཡོད། ཐ་ན་ཟླ་༨ཚེས་༡༡་ཉིན་རྒྱ་ནག་གཞུང་གིས་སྦྲག་ཁང་ཁག་ལ་ཟླ་༨་ཚེས་༢༠་ནས་ཟླ་༩ཚེས་༥བར་བོད་ནང་ཕར་ཚུར་ཡིག་འབྲེལ་ཇི་བྱས་ཁག་ལ་ཞིབ་བཤེར་དོ་ནན་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།   
ཡིག་ཆ་དཀར་པོི་དེའི་ནང་། བོད་ནང་འཛུགས་བསྐྲུན་དང་། སྤྱི་ཚོིགས་དང་རིག་གཞུང་གོང་སྤེལ་གྱི་ལས་གཞི་མང་པོ་སྤེལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་ཀྱང་། དོན་དངོས་སུ་བོད་མི་རྣམས་ལ་ཆོས་དད་མཚོན་པའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པའི་རང་དབང་རྩ་བ་ནས་སྤྲད་མེད་ལ་བོད་མི་ཚོ་བོད་ཀྱི་ས་ཁུལ་ནང་ཕར་འགྲོ་ཚུར་འོང་ཐོག་ལ་ཡང་སྔར་བཞིན་ཆོག་མཆན་མང་པོ་བརྒྱུད་དགོས་པ་སོགས་ཚད་བཀག་བཟོས་ཡོད།  
དེ་བཞིན་འབྲོག་ས་གནས་སྤོས་དང་། གཏེར་ཁ་གང་བྱུང་བསྔོག་འདོན་སོགས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཆེད་ཉེ་དུས་རང་ཕྲུ་གུ་ལྔ་ཡི་སྐྱེས་མ་བཀྲ་ཤིས་སྐྱིད་ཞུ་བ་ཚུད་པའི་སྤྱི་༢༠༠༩ལོ་ནས་བཟུང་བོད་མི་༡༤༢་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད། ༧གོང་ས་མཆོག་བོད་ལ་གདན་ཞུ་དང་བོད་ལ་རང་དབང་བྱུང་ན་བོད་ནང་དུས་རབས་བཟང་ཤོས་ངོ་མ་དེ་འཆར་ངེས་ཡིན། དབུ་མའི་ལམ་གྱི་སྲིད་ཇུས་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཀྱང་བཟང་ཤོིས་ཤིག་ཡིན་པ་བཅས་ལབ་འདེབས་གསལ་བསྒྲགས་གནང་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎